Difference between revisions of "'od gsal 'char sgo ngos 'dzin"
(6 intermediate revisions by the same user not shown) | |||
Line 4: | Line 4: | ||
|Wylie Title='od gsal 'char sgo ngos 'dzin | |Wylie Title='od gsal 'char sgo ngos 'dzin | ||
|Subject=Clear Light | |Subject=Clear Light | ||

|Author=Sangyé Pelsang | |Author=Sangyé Pelsang | ||
− | |BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508] | + | |BDRC link=[https://www.tbrc.org/#!rid=W3CN18508 BDRC W3CN18508 (v.2 p.119)] |

− | <span class="main_text" | + | ༄༅། །འོད་གསལ་འཆར་སྒོ་ངོས་འཛིན་བཞུགས་སོ།།

ན་མོ་གུ་རུ།
རྟག་ཏུ་སྙིང་ལ་གནས་པའི་འོད་གསལ་ནི། །ལྷུན་གྲུབ་བརྗོད་བྲལ་འདུས་མ་བྱས་པ་ཡི། །ཡེ་ཤེས་གསལ་བར་སྟོན་པའི་བླ་མ་ལ། །བཏུད་ནས་འོད་གསལ་འཆར་སྒོ་ངོས་འཛིན་བྲི།
དེ་ལ་གཞིའི་འོད་གསལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་བདེ་བ་ཆེན་པོའི་སྐུ། བརྟན་གཡོ་ཀུན་ལ་ཁྱབ་པ་དེ་ཡིན་ལ། དེ་མངོན་དུ་འགྱུར་བར་བྱེད་པའི་ཐབས། ལམ་ཟབ་མོ་སྐྱོན་མེད་པ་བསྒོམས་པས། བློ་བུར་དྲི་མ་རིམ་གྱིས་དག་ནས། ཡེ་ཤེས་ཀྱི་ཡུལ་དུ་འགྱུར་ཚུལ་ཡང་།
[[Rin chen rgya mtsho'i rgyud|རིན་ཆེན་རྒྱ་མཚོའི་རྒྱུད་]]ཕྱི་མ་ལས། །བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། ཞེས་པས།
དེ་ལ་བཞི། གསལ་བའི་འཆར་སྒོ་དང་། མི་རྟོག་པའི་དང་། བདེ་བའི་དང་། ཟུང་དུ་འཇུག་པའི་འཆར་སྒོའོ།
དང་པོ་ནི། གཉིད་ཀྱི་འོད་གསལ་འཛིན་པའི་ཚེ། སྣང་བ་དཀར་ལམ་པ་འབྱུང་སྟེ། སྐུ་རྡོ་རྗེའི་ངོ་བོ་དཀར་ལམ་ཤེས་པ་ཟེར། དེར་རྗེས་དམར་ལམ་པ་འབྱུང་སྟེ། གསུང་རྡོ་རྗེའི་ངོ་བོ་དམར་ལམ་ཤེས་པ་ཟེར། དེར་རྗེས་ནག་ཐིབས་པ་འབྱུང་སྟེ། ཐུགས་རྡོ་རྗེའི་ངོ་བོ་ནག་ལམ་ཤེས་པ་ཟེར། དེ་རྣམས་ཀྱང་འོད་ཀྱི་སྣང་བ་ཡིན་ཞིང་། དེར་རྗེས་ནག་ལམ་གྱི་དུས་དང་རྗེས་ལ་མ་འཁྲུལ་བ་བྱས་པས་གཉིད་ཀྱི་འོད་གསལ།
གཉིད་དུ་སོང་པ་ཡིན་བྱས་པ། རང་གི་མདུན་ན་ཕར་གྱི་དངོས་པོ་ཐམས་ཅད་གསལ་སིང་ངེ་མཐོང་པ། མ་སོང་པ་ཡིན་བྱས་པས། སད་ཙ་ན་ནག་ཐིབས་ཀྱི་འགྲོ་བ་དང་། རྣ་བར་མདོ་འདོན་པ་དང་། སྔགས་འདྲེན་པ་ཐོས་པ་ལ་བརྟེན་ནས། རིག་པ་བདེ་བ། གསལ་བ་དང་། གཉིད་དུས་་་། བསྒོམས་པའི་དུས་སུ། ཟླ་བ་ཤར་འདུག་སྙམ་པ་དཀར་ལམ་མེ་མདངས། ཟླ་བ་ཤར་འདུག་སྙམ་པ་དཀར་ཞིང་དངས་པ་དང་། ཉི་ཟླ་ཤར་འདུག་སྙམ་པ་ལ། འོད་ཟེར་གསལ་སིང་ངེ་བ་མིག་བལྟ་མི་བཟོད་པ་དང་། རང་གི་སྙིང་ཁ་ན་མར་མེ་འབར་བ་ལྟ་བུ་དང་། དམར་སྐྱེམ་སྐྱེམ་འོད་རེས་གསལ་རེས་མི་གསལ་བ་སྲིན་བུ་མེ་ཁྱེར་ལྟ་བུ་དང་། རང་གི་ཁང་པ་ན་མར་མེ་གསལ་པོ་བཏང་འདུག་སྙམ་པ་དང་། མེ་ཆེན་པོ་ལྷབ་ལྷབ་འབར་ཀྱི་འདུག་སྙམ་པ་དང་། རང་གི་སྔས་ཁ་ན་མར་མེ་གསལ་པོ་བཏང་འདུག་སྙམ་པ་དང་། ཀོང་བུ། སྣུམ་དང་། སྡོང་བུར་བྱས་པ་གསལ་སིང་སིང་མཐོང་བ་དང་། གློག་ལྟ་བུར་དམར་ཁྱུག་ཁྱུག་པ་དང་། དམར་ཕྲ་ཕྲ་བ་དང་། སེར་ཕྲ་ཕྲ་བ་དང་། སྤྲིན་ལྟ་བུ་སྐྱ་ལིང་ལིང་པ་དང་། མཚན་མོའམ། མུན་པ་ནག་པར་བསྒོམ་དུས། དུ་བ་ལྟ་བུར་སྐྱ་ཕྱུར་ཕྱུར། སྔོ་བུན་བུན། ཁམ་ཐུལ་ཐུལ་བ་དང་། སྨིག་སྒྱུ་ལྟ་བུ་སྔོ་རིབ་རིབ། སྔོ་ཟིམ་ཟིམ་ཆར་འབབ་པ་ལྟ་བུ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྔོ་སངས་ཀྱི་རྣམ་པ་དང་། དབྱིབས་དང་རྒྱ་ཅི་རིགས་པར་མཐོང་བ་དང་། འཇའ་འོད་སྣ་ཚོགས་ཀྱི་རྣམ་པ་དང་། འཛིན་མེད་གྱི་ཁམས་རྒྱ་ཆེན་པོ་དང་། ལུང་པ་སྣ་ཚོགས་དང་། ནགས་ཚལ་སྣ་ཚོགས་དང་། མཚོ་དང་འབབ་སྣ་ཚོགས་དང་། དམྱལ་བའི་རྣམ་པ་སྣ་ཚོགས་དང་། ཡི་དགས་ཀྱི་རྣམ་པ་སྣ་ཚོགས་དང་། དུད་འགྲོའི་རྣམ་པ་སྣ་ཚོགས་དང་། མིའི་རྣམ་པ་སྣ་ཚོགས་དང་། ལྷ་མ་ཡིན་གྱི་རྣམ་པ་སྣ་ཚོགས་དང་། ལྷའི་རྣམ་པ་སྣ་ཚོགས་དང་། ཁང་པ་དང་ཡོ་བྱད་ཀྱི་རྣམ་པ་སྣ་ཚོགས་དང་། རྫས་ཀྱི་རྣམ་པ་སྣ་ཚོགས་དང་། གཞན་ཡང་སྒྲ་གཅན་གྱི་རྣམ་པ་ནག་པོ་སླ་ངའི་རྒྱབ་ལྟ་བུ་དང་། དུད་ཁ་ལ་ཁྲོལ་མའི་མིག་ལྟ་བུ་དང་། མདོར་ན་སྲིད་པ་གསུམ་དུ་སྲིད་པ་དང་མི་སྲིད་པའི་ཁ་དོག་དང་། གཟུགས་ཀྱི་རྣམ་པ་ཅི་ཤར་ཡང་། འོད་གསལ་གྱི་རྣམ་པ་ཁོ་ན་ཡིན་ཏེ། རྣམ་པ་ཐམས་ཅད་པའི་འོད་གསལ་ཞེས་བྱའོ།
དེ་ལྟར་ཡང་། [[Khyung po rnal 'byor lugs kyi bde mchog lha lnga'i mngon rtogs|གྲུབ་ཐོབ་ཁྱུང་པོ་ཉིད་ཀྱིད་མཛད་པའི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་]]སུ། །དུ་བ་ལྟ་བུ་ལ་སོགས་པའི་རྟགས་ལྔ་ཤར་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱེད་དོ། །ཞེས་ཆོས་ཉིད་ཀྱི་གསལ་སྣང་དུ་གསུངས་ཤིང་།
བར་དོའི་བཤད་པའི་སྐབས་སུ། ཐམས་ཅད་འོད་གསལ་གྱི་སྣང་བ་འབའ་ཞིག་ཏུ་གསུངས་ཏེ། དྲི་མ་མེད་པའི་རྒྱུད་སྡེ་དང་། མདོ་སྡེ་དང་། གྲུབ་ཐོབ་རྣམས་ཀྱི་མགུར་མ་དང་། འདིའི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར་དུ་གསལ་བའི་ཚུལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ།
།འགོག་པོ་རྡོ་རྗེ་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་སྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་ཡི། ཞེས་གསུངས་པ་དང་།
མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང་། །ཡན་ལག་དྲུག་བསྒོམས་དེ་ལ་ནི། །སླར་ཡང་རང་བྱིན་བརླབས་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡི། །ཕྱི་ནས་མཚན་མ་མཚོན་པར་བྱའོ། །དང་པོ་སྤྲིན་དང་འདྲ་བ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་བས་ཏེ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་འོ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་གསུངས་པ་དང་།
མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ། ཅེས་གསུངས་པ་དང་།
དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། ཞེས་དང་།
ཀྱཻའི་རྡོ་རྗེ་ལས། བརྟན་དང་གཡོ་བའི་དངོས་པོ་ཀུན། །རྩྭ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། ཞེས་གསུངས་ཏེ།
ཡང་དེ་ཉིད་དུ། བསྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །སྔགས་དང་ལྷ་ནི་ཡང་དག་གནས། ཞེས་གསུངས་སོ།
གཉིས་མེད་རྣམ་རྒྱལ་དང་། རོལ་པ་ལས། ཁྱུང་པོས་ལུང་དྲངས་པར། དང་པོ་མིག་སྒྱུ་ལྟ་བུ་སྟེ། །དང་པོའི་མིག་སྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་དང་། །བཞི་པ་མུན་པ་ལྟ་བུ་ལ། །ལྔ་པ་སྤྲིན་མེད་ནམ་མཁའ་ལས། །མི་རྟོག་མཐའ་དབུས་མེད་པར་འཆར། ཅེས་གསུངས་པ་དང་།
མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་གསུངས་པ་དང་།
ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་སོ།
གཞན་ཡང་གནས་སྐབས་ཇི་ལྟ་བར། རྣ་བས་རོལ་མོ་ལ་སོགས་པའི་སྒྲ་སྙན་མི་སྙན་ཅི་རིགས་ཐོས་པ་དང་། སྣས་དྲི་ཞིལ་མི་ཞིལ་ཅུང་ཟད་ཚོར་བ་དང་། ལྕེས་རོ་མངར་སྐྱུར་ལ་སོགས་པ་མྱོང་བ་དང་། ལུས་ཀྱི་བདེ་བ་དང་། འཁྲིག་པ་ལ་སོགས་པའི་ཚོར་བའང་འབྱུང་སྟེ། མ་དག་པའི་གཟུང་འཛིན་སྤངས་ནས། ལམ་ཟབ་མོ་ལ་མཉམ་པར་བཞག་པས་གནས་གྱུར་གྱི་མགོ་ཟིན་ཅིང་། དག་པ་ཆོས་ཉིད་ཀྱི་སྣང་པ་ལ་གནས་པའོ།
།དེ་ལྟར་ཡང་གུར་ལས། གཟུགས་ནི་མིག་གིས་མི་འཛིན་ཞིང་། །སྒྲ་ནི་རྣ་བས་ཐོས་པ་མིན། །ལྕེ་ཡིས་རོ་ནི་མི་འཛིན་ཞིང་། །རེག་བྱ་ལུས་ཀྱི་གོང་བུས་མིན། །འོན་ཀྱང་བདེ་ཆེན་ཚུལ་ལས་ནི། །བུད་མེད་བཟང་མོས་རེག་པ་བདེ། །རྣ་བ་གླུ་ཡི་བདེ་བ་བཟང་། །སྣོམ་པ་དྲི་ཡི་བདེ་བ་ཆེ། །སྐྱེས་གནས་རེག་པ་བདེ་ཆེན་དང་། །རོའི་བཏུང་བའི་སྦྱོར་བ་ལས། །ཞེས་པ་དང་།
བྱམས་མགོན་གྱིས་ཀྱང་། ཟག་པ་མེད་ཁྱབ་འཇིགས་མེད་ཆོས་ཅན་དེ། །བརྟན་ཞིང་བརྟག་པ་འཕོ་མེད་གནས་པ་ཡི། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡིས། །དབང་པོ་དྲུག་དོན་ཉམས་སུ་མྱོང་པའི་རྒྱུ། །གཟུགས་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི། །གཙང་མ་ཉན་ཏམ་བདེ་གཤེགས་ཚུལ་ཁྲིམས་ཀྱིས། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་དང་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་འགྱུར་ཞི་བ་བསམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པ་དང་།
ཉིན་པར་གྱི་དུས་ཞེ་སྡང་ལ་སོགས་པའི་རྐྱེན་འགའ་ཞིག་གིས། རྨི་ལམ་གྱི་དུས་རྟོག་པ་གསལ་ལ་རགས་པ་དང་། གཉིད་གཅིག་ཀྱང་མེད་པར་ཁམས་དངས་པ། ཤ་རྩི་དཀར་ལ་དངས་པ་འོང་། རླུང་དང་ཁམས་འདུས་འདྲ་མོ་འབྱུང་སྟེ། དེ་ཀའི་ངང་ལ་བསྐྱངས་པས་ཆོག །འོད་གསལ་གྱི་ཆ་ཡིན།
གཉིས་པ་ལ་བཞི་སྟེ། རླུང་སེམས་དབུ་མར་ཆུད་པ་དང་། རྩ་མདུད་གྲོལ་བ་དང་། རྣམ་ཤེས་མཐའ་ཡས་པ་དང་། མི་རྟོག་པར་སོང་པའོ།
།དང་པོ་གཉིད་དུ་འགྲོ་བའམ། སོང་དུས་རྣ་བ་ཟི་རོང་རོང་ཐིབས་ཐིབས་ནག་ཡོར་ཡོར་བྱུང་བ་ལྟ་བུ་ལ། ཇིར་ཇིར་གནོན་པ། རྣ་བར་ཟི་རོང་རོང་། ཐིབས་ཐིབས་འོང་པས། དེ་ལ། ང་འདྲོས་མནན་འདུག་སྙམ་ནས། སྔགས་བཟླས་ལྷ་བསྒོམས་ཀྱང་ཐུར་འགྲོ་བས། དེ་ལ་འོད་གསལ་དུ་ངོས་བཟུང་ལ། མི་རྟོག་པ་ལ་བཞག་པས། རླུང་སེམས་དབུ་མར་ཆུད་ནས་འོད་གསལ་འབའ་ཞིག་ཏུ་འགྲོ་བ་ཡིན་ནོ།
།གཉིས་པ་ནི། གཉིད་དུ་ལྷན་སོང་པ་དང་། འདར་ཡེར་ཡེར་ལ། ཡན་ལག་ཕྲས་སོང་ན། འདོམ་གང་དོ་འཕར་བ་འབྱུང་། དེ་ལ་དར་གཅིག་བརྒྱལ་སོང་ན་དེ་མི་བསྒུལ་བར་བཞག་པས་རྩ་མདུད་གྲོལ་ནས་དགེ་སྦྱོར་བཟང་པོ་འབྱུང་། གཞན་ཡང་ལུས་འདར་བ་དང་། འཕར་བ་དང་། རྒྱུག་པ་དང་། མཆོང་བ་སོགས་ལུས་ཉམས་སྣ་ཚོགས་དང་། སྨྲ་བ་དང་། རྒོད་པ་དང་། ངུ་བ་དང་། གླུ་དང་། དབྱངས་ལེན་པ་སོགས་ངག་ཉམས་སྣ་ཚོགས་དང་། སེམས་ཁྲོ་བ་དང་། འཚིག་པ་དང་། དགའ་བ་དང་། ཁེངས་པ་དང་། ཞུམ་པ་ལ་སོགས་པ་འབྱུང་བའོ།
།གསུམ་པ་ནི། རང་གི་རྣམ་ཤེས་འདི་ནམ་མཁའ་ལ་སྤྲ་ཡས་གྱེས་པ་དང་། ཤེས་པ་ནང་དུ་བསྟུ་ཡེ་མི་འདུས་པ་འབྱུང་བས། དེ་ལ་ནམ་མཁའ་གར་ཁྱབ་ཤེས་པས་ཁྱབ་པར་བྱས་ལ་བཞག་གོ
།བཞི་པ་ནི། ཐོ་རེངས་སོགས་སྔངས་པ་དང་། འདར་ཡེད་ཡེད་པ་འོང་པས། དེ་ལ་གླང་པོ་ཆེའི་ལྟ་སྟེངས་ཀྱིས་མིག་གཅེས་བལྟས་ནས་བཞག་པས། གསལ་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བར་ལྷག་གི་རྟོགས་པར་འགྱུར་རོ།
།གསུམ་པ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ།
།དང་པོ་ནི། ཡས་འབབ་ཀྱི་འཕོ་བའི་བདེ་བ་ཡིན་ནོ།
།གཉིས་པ་ནི། ནོར་བུ་ལས་ཕྱིར་མི་འདའ་ཞིང་། གྱེན་དུ་རྒྱས་པས་བདེ་བ་རྒྱས་ཞིང་། རྟོག་པ་དང་བྲལ་བའོ།
།བཞི་པ་ནི། སྔར་བཤད་པའི་འོད་གསལ་གྱི་སྣང་པ་རྣམ་པ་སོ་སོར་གསལ་བས་གསལ་བ། བེམ་པོའི་ཁམས་ལས་འདས་པས་སྟོང་པ། ཟག་པ་མེད་པའི་བདེ་བ་རྒྱས་པས་བདེ་བ། དེ་རྣམས་ཟུང་དུ་ཆུད་པས་གསལ་སྟོང་བདེ་ཆེན་དབྱེར་མེད་པ་ནི། སྒྱུ་མ་སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཡིན་ལ། དེ་ལ་རྟག་ཏུ་གོམས་པས། སྒྲི་གཉིས་བག་ཆགས་དང་བཅས་པའི་དྲི་མ་མ་ལུས་པ་དག་ནས། གཞི་ལ་བཞུགས་པའི་འོད་གསལ་ཡོངས་སུ་རྫོགས་པར་མཐོང་བ་ནི། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་ཞེས་བྱའོ།
།ཟབ་གསལ་ཆོས་ཉིད་རྟོགས་པའི་ཡུལ་མིན་ཡང་། །འོད་གསལ་འཆར་སྒོ་གསལ་བར་སྟོན་པའི་གཞུང་། །[[Sangyé Pelsang|སངས་རྒྱས་དཔལ་]]གྱིས་[[Kuklung|ལྐུགས་ལུང་]]དགོན་པར་བྲིས། །དགེ་བས་ཀུན་གྱིས་འདི་དོན་རྟོགས་པར་ཤོག
།འདི་ནི་ཤིན་ཏུ་རྨད་དུ་བྱུང་བའི་དོན་ཡིན་པས། མྱོང་པ་རྒྱུད་ལ་སྐྱེས་ངེས་ཀྱི་སློབ་མ་མ་གཏོགས། ཆད་སྟོང་དང་བེམ་སྟོང་ལ་མངོན་པར་ཞེན་པ། ཟབ་མོའི་གནས་ལ་སྐྲག་པ་རྣམས་ལ་སྦ་བར་བྱའོ། ཨྀཐིཿ
[[Sangyé Pelsang|མཉམ་མེད་སངས་རྒྱས་དཔལ་བཟང་པོ]]འི་ཞལ་མངའ་ནས་མཛད་པའོ།། །། |
Latest revision as of 10:53, 7 September 2024
Resource ID | SP2 |

Title | 'od gsal 'char sgo ngos 'dzin |
Topics | Clear Light |
Author | Sangyé Pelsang |
Link | BDRC W3CN18508 (v.2 p.119) |
༄༅། །འོད་གསལ་འཆར་སྒོ་ངོས་འཛིན་བཞུགས་སོ།།
ན་མོ་གུ་རུ།
རྟག་ཏུ་སྙིང་ལ་གནས་པའི་འོད་གསལ་ནི། །ལྷུན་གྲུབ་བརྗོད་བྲལ་འདུས་མ་བྱས་པ་ཡི། །ཡེ་ཤེས་གསལ་བར་སྟོན་པའི་བླ་མ་ལ། །བཏུད་ནས་འོད་གསལ་འཆར་སྒོ་ངོས་འཛིན་བྲི།
དེ་ལ་གཞིའི་འོད་གསལ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་བདེ་བ་ཆེན་པོའི་སྐུ། བརྟན་གཡོ་ཀུན་ལ་ཁྱབ་པ་དེ་ཡིན་ལ། དེ་མངོན་དུ་འགྱུར་བར་བྱེད་པའི་ཐབས། ལམ་ཟབ་མོ་སྐྱོན་མེད་པ་བསྒོམས་པས། བློ་བུར་དྲི་མ་རིམ་གྱིས་དག་ནས། ཡེ་ཤེས་ཀྱི་ཡུལ་དུ་འགྱུར་ཚུལ་ཡང་།
རིན་ཆེན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། །བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་དམ་པའི་ཞལ་ལས་དྲིས། ཞེས་པས།
དེ་ལ་བཞི། གསལ་བའི་འཆར་སྒོ་དང་། མི་རྟོག་པའི་དང་། བདེ་བའི་དང་། ཟུང་དུ་འཇུག་པའི་འཆར་སྒོའོ།
དང་པོ་ནི། གཉིད་ཀྱི་འོད་གསལ་འཛིན་པའི་ཚེ། སྣང་བ་དཀར་ལམ་པ་འབྱུང་སྟེ། སྐུ་རྡོ་རྗེའི་ངོ་བོ་དཀར་ལམ་ཤེས་པ་ཟེར། དེར་རྗེས་དམར་ལམ་པ་འབྱུང་སྟེ། གསུང་རྡོ་རྗེའི་ངོ་བོ་དམར་ལམ་ཤེས་པ་ཟེར། དེར་རྗེས་ནག་ཐིབས་པ་འབྱུང་སྟེ། ཐུགས་རྡོ་རྗེའི་ངོ་བོ་ནག་ལམ་ཤེས་པ་ཟེར། དེ་རྣམས་ཀྱང་འོད་ཀྱི་སྣང་བ་ཡིན་ཞིང་། དེར་རྗེས་ནག་ལམ་གྱི་དུས་དང་རྗེས་ལ་མ་འཁྲུལ་བ་བྱས་པས་གཉིད་ཀྱི་འོད་གསལ།
གཉིད་དུ་སོང་པ་ཡིན་བྱས་པ། རང་གི་མདུན་ན་ཕར་གྱི་དངོས་པོ་ཐམས་ཅད་གསལ་སིང་ངེ་མཐོང་པ། མ་སོང་པ་ཡིན་བྱས་པས། སད་ཙ་ན་ནག་ཐིབས་ཀྱི་འགྲོ་བ་དང་། རྣ་བར་མདོ་འདོན་པ་དང་། སྔགས་འདྲེན་པ་ཐོས་པ་ལ་བརྟེན་ནས། རིག་པ་བདེ་བ། གསལ་བ་དང་། གཉིད་དུས་་་། བསྒོམས་པའི་དུས་སུ། ཟླ་བ་ཤར་འདུག་སྙམ་པ་དཀར་ལམ་མེ་མདངས། ཟླ་བ་ཤར་འདུག་སྙམ་པ་དཀར་ཞིང་དངས་པ་དང་། ཉི་ཟླ་ཤར་འདུག་སྙམ་པ་ལ། འོད་ཟེར་གསལ་སིང་ངེ་བ་མིག་བལྟ་མི་བཟོད་པ་དང་། རང་གི་སྙིང་ཁ་ན་མར་མེ་འབར་བ་ལྟ་བུ་དང་། དམར་སྐྱེམ་སྐྱེམ་འོད་རེས་གསལ་རེས་མི་གསལ་བ་སྲིན་བུ་མེ་ཁྱེར་ལྟ་བུ་དང་། རང་གི་ཁང་པ་ན་མར་མེ་གསལ་པོ་བཏང་འདུག་སྙམ་པ་དང་། མེ་ཆེན་པོ་ལྷབ་ལྷབ་འབར་ཀྱི་འདུག་སྙམ་པ་དང་། རང་གི་སྔས་ཁ་ན་མར་མེ་གསལ་པོ་བཏང་འདུག་སྙམ་པ་དང་། ཀོང་བུ། སྣུམ་དང་། སྡོང་བུར་བྱས་པ་གསལ་སིང་སིང་མཐོང་བ་དང་། གློག་ལྟ་བུར་དམར་ཁྱུག་ཁྱུག་པ་དང་། དམར་ཕྲ་ཕྲ་བ་དང་། སེར་ཕྲ་ཕྲ་བ་དང་། སྤྲིན་ལྟ་བུ་སྐྱ་ལིང་ལིང་པ་དང་། མཚན་མོའམ། མུན་པ་ནག་པར་བསྒོམ་དུས། དུ་བ་ལྟ་བུར་སྐྱ་ཕྱུར་ཕྱུར། སྔོ་བུན་བུན། ཁམ་ཐུལ་ཐུལ་བ་དང་། སྨིག་སྒྱུ་ལྟ་བུ་སྔོ་རིབ་རིབ། སྔོ་ཟིམ་ཟིམ་ཆར་འབབ་པ་ལྟ་བུ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྔོ་སངས་ཀྱི་རྣམ་པ་དང་། དབྱིབས་དང་རྒྱ་ཅི་རིགས་པར་མཐོང་བ་དང་། འཇའ་འོད་སྣ་ཚོགས་ཀྱི་རྣམ་པ་དང་། འཛིན་མེད་གྱི་ཁམས་རྒྱ་ཆེན་པོ་དང་། ལུང་པ་སྣ་ཚོགས་དང་། ནགས་ཚལ་སྣ་ཚོགས་དང་། མཚོ་དང་འབབ་སྣ་ཚོགས་དང་། དམྱལ་བའི་རྣམ་པ་སྣ་ཚོགས་དང་། ཡི་དགས་ཀྱི་རྣམ་པ་སྣ་ཚོགས་དང་། དུད་འགྲོའི་རྣམ་པ་སྣ་ཚོགས་དང་། མིའི་རྣམ་པ་སྣ་ཚོགས་དང་། ལྷ་མ་ཡིན་གྱི་རྣམ་པ་སྣ་ཚོགས་དང་། ལྷའི་རྣམ་པ་སྣ་ཚོགས་དང་། ཁང་པ་དང་ཡོ་བྱད་ཀྱི་རྣམ་པ་སྣ་ཚོགས་དང་། རྫས་ཀྱི་རྣམ་པ་སྣ་ཚོགས་དང་། གཞན་ཡང་སྒྲ་གཅན་གྱི་རྣམ་པ་ནག་པོ་སླ་ངའི་རྒྱབ་ལྟ་བུ་དང་། དུད་ཁ་ལ་ཁྲོལ་མའི་མིག་ལྟ་བུ་དང་། མདོར་ན་སྲིད་པ་གསུམ་དུ་སྲིད་པ་དང་མི་སྲིད་པའི་ཁ་དོག་དང་། གཟུགས་ཀྱི་རྣམ་པ་ཅི་ཤར་ཡང་། འོད་གསལ་གྱི་རྣམ་པ་ཁོ་ན་ཡིན་ཏེ། རྣམ་པ་ཐམས་ཅད་པའི་འོད་གསལ་ཞེས་བྱའོ།
དེ་ལྟར་ཡང་། གྲུབ་ཐོབ་ཁྱུང་པོ་ཉིད་ཀྱིད་མཛད་པའི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་སུ། །དུ་བ་ལྟ་བུ་ལ་སོགས་པའི་རྟགས་ལྔ་ཤར་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱེད་དོ། །ཞེས་ཆོས་ཉིད་ཀྱི་གསལ་སྣང་དུ་གསུངས་ཤིང་།
བར་དོའི་བཤད་པའི་སྐབས་སུ། ཐམས་ཅད་འོད་གསལ་གྱི་སྣང་བ་འབའ་ཞིག་ཏུ་གསུངས་ཏེ། དྲི་མ་མེད་པའི་རྒྱུད་སྡེ་དང་། མདོ་སྡེ་དང་། གྲུབ་ཐོབ་རྣམས་ཀྱི་མགུར་མ་དང་། འདིའི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར་དུ་གསལ་བའི་ཚུལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ།
།འགོག་པོ་རྡོ་རྗེ་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་སྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་ཡི། ཞེས་གསུངས་པ་དང་།
མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང་། །ཡན་ལག་དྲུག་བསྒོམས་དེ་ལ་ནི། །སླར་ཡང་རང་བྱིན་བརླབས་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡི། །ཕྱི་ནས་མཚན་མ་མཚོན་པར་བྱའོ། །དང་པོ་སྤྲིན་དང་འདྲ་བ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་བས་ཏེ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་འོ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་གསུངས་པ་དང་།
མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ། ཅེས་གསུངས་པ་དང་།
དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ལས། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། ཞེས་དང་།
ཀྱཻའི་རྡོ་རྗེ་ལས། བརྟན་དང་གཡོ་བའི་དངོས་པོ་ཀུན། །རྩྭ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། ཞེས་གསུངས་ཏེ།
ཡང་དེ་ཉིད་དུ། བསྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །སྔགས་དང་ལྷ་ནི་ཡང་དག་གནས། ཞེས་གསུངས་སོ།
གཉིས་མེད་རྣམ་རྒྱལ་དང་། རོལ་པ་ལས། ཁྱུང་པོས་ལུང་དྲངས་པར། དང་པོ་མིག་སྒྱུ་ལྟ་བུ་སྟེ། །དང་པོའི་མིག་སྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་དང་། །བཞི་པ་མུན་པ་ལྟ་བུ་ལ། །ལྔ་པ་སྤྲིན་མེད་ནམ་མཁའ་ལས། །མི་རྟོག་མཐའ་དབུས་མེད་པར་འཆར། ཅེས་གསུངས་པ་དང་།
མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་གསུངས་པ་དང་།
ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་སོ།
གཞན་ཡང་གནས་སྐབས་ཇི་ལྟ་བར། རྣ་བས་རོལ་མོ་ལ་སོགས་པའི་སྒྲ་སྙན་མི་སྙན་ཅི་རིགས་ཐོས་པ་དང་། སྣས་དྲི་ཞིལ་མི་ཞིལ་ཅུང་ཟད་ཚོར་བ་དང་། ལྕེས་རོ་མངར་སྐྱུར་ལ་སོགས་པ་མྱོང་བ་དང་། ལུས་ཀྱི་བདེ་བ་དང་། འཁྲིག་པ་ལ་སོགས་པའི་ཚོར་བའང་འབྱུང་སྟེ། མ་དག་པའི་གཟུང་འཛིན་སྤངས་ནས། ལམ་ཟབ་མོ་ལ་མཉམ་པར་བཞག་པས་གནས་གྱུར་གྱི་མགོ་ཟིན་ཅིང་། དག་པ་ཆོས་ཉིད་ཀྱི་སྣང་པ་ལ་གནས་པའོ།
།དེ་ལྟར་ཡང་གུར་ལས། གཟུགས་ནི་མིག་གིས་མི་འཛིན་ཞིང་། །སྒྲ་ནི་རྣ་བས་ཐོས་པ་མིན། །ལྕེ་ཡིས་རོ་ནི་མི་འཛིན་ཞིང་། །རེག་བྱ་ལུས་ཀྱི་གོང་བུས་མིན། །འོན་ཀྱང་བདེ་ཆེན་ཚུལ་ལས་ནི། །བུད་མེད་བཟང་མོས་རེག་པ་བདེ། །རྣ་བ་གླུ་ཡི་བདེ་བ་བཟང་། །སྣོམ་པ་དྲི་ཡི་བདེ་བ་ཆེ། །སྐྱེས་གནས་རེག་པ་བདེ་ཆེན་དང་། །རོའི་བཏུང་བའི་སྦྱོར་བ་ལས། །ཞེས་པ་དང་།
བྱམས་མགོན་གྱིས་ཀྱང་། ཟག་པ་མེད་ཁྱབ་འཇིགས་མེད་ཆོས་ཅན་དེ། །བརྟན་ཞིང་བརྟག་པ་འཕོ་མེད་གནས་པ་ཡི། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡིས། །དབང་པོ་དྲུག་དོན་ཉམས་སུ་མྱོང་པའི་རྒྱུ། །གཟུགས་མེད་གཟུགས་དོན་ལྟ་དང་གཏམ་བཟང་ནི། །གཙང་མ་ཉན་ཏམ་བདེ་གཤེགས་ཚུལ་ཁྲིམས་ཀྱིས། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་དང་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་འགྱུར་ཞི་བ་བསམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པ་དང་།
ཉིན་པར་གྱི་དུས་ཞེ་སྡང་ལ་སོགས་པའི་རྐྱེན་འགའ་ཞིག་གིས། རྨི་ལམ་གྱི་དུས་རྟོག་པ་གསལ་ལ་རགས་པ་དང་། གཉིད་གཅིག་ཀྱང་མེད་པར་ཁམས་དངས་པ། ཤ་རྩི་དཀར་ལ་དངས་པ་འོང་། རླུང་དང་ཁམས་འདུས་འདྲ་མོ་འབྱུང་སྟེ། དེ་ཀའི་ངང་ལ་བསྐྱངས་པས་ཆོག །འོད་གསལ་གྱི་ཆ་ཡིན།
གཉིས་པ་ལ་བཞི་སྟེ། རླུང་སེམས་དབུ་མར་ཆུད་པ་དང་། རྩ་མདུད་གྲོལ་བ་དང་། རྣམ་ཤེས་མཐའ་ཡས་པ་དང་། མི་རྟོག་པར་སོང་པའོ།
།དང་པོ་གཉིད་དུ་འགྲོ་བའམ། སོང་དུས་རྣ་བ་ཟི་རོང་རོང་ཐིབས་ཐིབས་ནག་ཡོར་ཡོར་བྱུང་བ་ལྟ་བུ་ལ། ཇིར་ཇིར་གནོན་པ། རྣ་བར་ཟི་རོང་རོང་། ཐིབས་ཐིབས་འོང་པས། དེ་ལ། ང་འདྲོས་མནན་འདུག་སྙམ་ནས། སྔགས་བཟླས་ལྷ་བསྒོམས་ཀྱང་ཐུར་འགྲོ་བས། དེ་ལ་འོད་གསལ་དུ་ངོས་བཟུང་ལ། མི་རྟོག་པ་ལ་བཞག་པས། རླུང་སེམས་དབུ་མར་ཆུད་ནས་འོད་གསལ་འབའ་ཞིག་ཏུ་འགྲོ་བ་ཡིན་ནོ།
།གཉིས་པ་ནི། གཉིད་དུ་ལྷན་སོང་པ་དང་། འདར་ཡེར་ཡེར་ལ། ཡན་ལག་ཕྲས་སོང་ན། འདོམ་གང་དོ་འཕར་བ་འབྱུང་། དེ་ལ་དར་གཅིག་བརྒྱལ་སོང་ན་དེ་མི་བསྒུལ་བར་བཞག་པས་རྩ་མདུད་གྲོལ་ནས་དགེ་སྦྱོར་བཟང་པོ་འབྱུང་། གཞན་ཡང་ལུས་འདར་བ་དང་། འཕར་བ་དང་། རྒྱུག་པ་དང་། མཆོང་བ་སོགས་ལུས་ཉམས་སྣ་ཚོགས་དང་། སྨྲ་བ་དང་། རྒོད་པ་དང་། ངུ་བ་དང་། གླུ་དང་། དབྱངས་ལེན་པ་སོགས་ངག་ཉམས་སྣ་ཚོགས་དང་། སེམས་ཁྲོ་བ་དང་། འཚིག་པ་དང་། དགའ་བ་དང་། ཁེངས་པ་དང་། ཞུམ་པ་ལ་སོགས་པ་འབྱུང་བའོ།
།གསུམ་པ་ནི། རང་གི་རྣམ་ཤེས་འདི་ནམ་མཁའ་ལ་སྤྲ་ཡས་གྱེས་པ་དང་། ཤེས་པ་ནང་དུ་བསྟུ་ཡེ་མི་འདུས་པ་འབྱུང་བས། དེ་ལ་ནམ་མཁའ་གར་ཁྱབ་ཤེས་པས་ཁྱབ་པར་བྱས་ལ་བཞག་གོ
།བཞི་པ་ནི། ཐོ་རེངས་སོགས་སྔངས་པ་དང་། འདར་ཡེད་ཡེད་པ་འོང་པས། དེ་ལ་གླང་པོ་ཆེའི་ལྟ་སྟེངས་ཀྱིས་མིག་གཅེས་བལྟས་ནས་བཞག་པས། གསལ་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བར་ལྷག་གི་རྟོགས་པར་འགྱུར་རོ།
།གསུམ་པ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ།
།དང་པོ་ནི། ཡས་འབབ་ཀྱི་འཕོ་བའི་བདེ་བ་ཡིན་ནོ།
།གཉིས་པ་ནི། ནོར་བུ་ལས་ཕྱིར་མི་འདའ་ཞིང་། གྱེན་དུ་རྒྱས་པས་བདེ་བ་རྒྱས་ཞིང་། རྟོག་པ་དང་བྲལ་བའོ།
།བཞི་པ་ནི། སྔར་བཤད་པའི་འོད་གསལ་གྱི་སྣང་པ་རྣམ་པ་སོ་སོར་གསལ་བས་གསལ་བ། བེམ་པོའི་ཁམས་ལས་འདས་པས་སྟོང་པ། ཟག་པ་མེད་པའི་བདེ་བ་རྒྱས་པས་བདེ་བ། དེ་རྣམས་ཟུང་དུ་ཆུད་པས་གསལ་སྟོང་བདེ་ཆེན་དབྱེར་མེད་པ་ནི། སྒྱུ་མ་སྒྱུ་འཛིན་དང་བྲལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཡིན་ལ། དེ་ལ་རྟག་ཏུ་གོམས་པས། སྒྲི་གཉིས་བག་ཆགས་དང་བཅས་པའི་དྲི་མ་མ་ལུས་པ་དག་ནས། གཞི་ལ་བཞུགས་པའི་འོད་གསལ་ཡོངས་སུ་རྫོགས་པར་མཐོང་བ་ནི། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་ཞེས་བྱའོ།
།ཟབ་གསལ་ཆོས་ཉིད་རྟོགས་པའི་ཡུལ་མིན་ཡང་། །འོད་གསལ་འཆར་སྒོ་གསལ་བར་སྟོན་པའི་གཞུང་། །སངས་རྒྱས་དཔལ་གྱིས་ལྐུགས་ལུང་དགོན་པར་བྲིས། །དགེ་བས་ཀུན་གྱིས་འདི་དོན་རྟོགས་པར་ཤོག
།འདི་ནི་ཤིན་ཏུ་རྨད་དུ་བྱུང་བའི་དོན་ཡིན་པས། མྱོང་པ་རྒྱུད་ལ་སྐྱེས་ངེས་ཀྱི་སློབ་མ་མ་གཏོགས། ཆད་སྟོང་དང་བེམ་སྟོང་ལ་མངོན་པར་ཞེན་པ། ཟབ་མོའི་གནས་ལ་སྐྲག་པ་རྣམས་ལ་སྦ་བར་བྱའོ། ཨྀཐིཿ
མཉམ་མེད་སངས་རྒྱས་དཔལ་བཟང་པོའི་ཞལ་མངའ་ནས་མཛད་པའོ།། །།