Grub chen chos 'byung rin chen pa'i rnam thar
Resource ID | CR1 |
---|---|
Title | grub chen chos 'byung rin chen pa'i rnam thar |
Topics | Biography |
Associated Person | Chöjung Rinchen |
Link | W8LS37032 (p. 317) |
༄༅། །གྲུབ་ཆེན་ཆོས་འབྱུང་རིན་ཆེན་པའི་རྣམ་ཐར་བཞུགས་་་་་།།
ན་མོ་གུ་རུ་བྷེ་ལ་ཡ།
ཁྱོད་ཀྱི་སྐུ་ལ་འཆི་འཕོ་མེད་ན་ཀྱང་ཡང་གདུལ་བྱའི་དོན་དུ་འཆི་འཕོ་སྟོན། ཁྱེད་ཀྱི་གསུང་མ་བརྗོད་འདོད་མེད་ཀྱང་སྣ་ཚོགས་ཆོས་ཀུན་བརྗོད་པར་མཛད། ཁྱེད་ཀྱི་ཐུགས་ལ་ཉེ་རིང་ཡོད་ཀྱང་མོས་པའི་བུ་ལ་ལྷག་པར་དེབ། འདུ་བྱེད་ཐམས་ཅད་བླུ་བར་གསུངས་ཀྱང་སྐྱབས་གནས་ཁྱེད་ཀྱིས་བླུ་བ་མེད། ཆོས་རྣམས་ཐམས་ཅད་རྫན་པར་གསུངས་ཀྱང་ལས་ཀྱི་འབྲས་བུ་བདེན་པོར་སྟོན། སེམས་ཅན་ཀུན་ལ་ཉེ་རིང་མེད་ཀྱང་སྐལ་པ་ཅན་ལ་ལྷག་པར་བྱམས། དེའདྲའི་དཔལ་ལྡན་བླ་མ་དེ་ལ་གུས་པས་བ་་་་་ད་རྣམ་པར་འདི། གུས་ལྡན་རྣམས་ཀྱིས་སྐུལ་བའི་ངོར་མདོར་བསྡུས་འཆད་འདི་སྤྱི་བོས་ལོང་། ཡབ་ནི་་་་་་དཔོན་གཞོན་ཡུམ་ནི་བསོད་ནམས་དཔལ། འཁྲུང་ཡུལ་ཤོུང་ཁུར་རབ་བྱུང་བཅུ་གཉིས་ལ། ཐོས་བསམ་མཐར་ཕྱིན་དཀའ་སྤྱད་སྒྲུབ་ལ་འབད། ཉམས་རྟོགས་མཚོ་གདོལ་སྤྱི་སྒྲོ་འདོགས་ཆོད། སྐྱེད་རིམས་མཐར་ཕྱིན་སྣང་སྲིད་ཆོས་སྐུར་ཤར། རྫོགས་རིམས་མཐར་ཕྱིན་སྤྲོས་མེད་དཔྱི་སུ་གྲོལ། རིམས་གཉིས་མཐར་ཕྱིན་སྒྲིབ་གྲལ་ལོངས་སྤྱོད་རྫོགས། བླ་མ་མང་རྟེན་ལུང་བསྟན་རིམ་པར་ཐོབ། བྱང་ཆུབ་སེམས་ཀྱི་ཆོས་འཁོར་རིམ་པར་སྐོར། རྣམ་ཐར་མདོར་བསྡུས་་་་་་་་་གུ་་་་་་་་ར་ཉོན། དེ་ཡང་འོ་སྐོལ་བླ་མ་སྒྲུབ་ཆེན་ཆོས་ཀྱི་རྒྱལ་པོ་དག་པའི་གདུལ་བྱ་རྣམས་ཀྱི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། མ་དག་པའི་གདུལ་བྱ་རྣམས་ཀྱི་ངོ་བོར་ཐ་མལ་པའི་གཟུགས་སུ་བཟུང་ནས་གཞན་དོན་བྱས་པ་ནི་གྲངས་ལས་འདས་ཅིང་བསམ་གྱིས་མི་ཁྱབ་ལ། ཁྱད་པར་དུ་ཤངས་པ་དཀར་རྒྱུད་འདི་ལ་ལན་གསུམ་དུ་བྱོན་ནས་འགྲོ་བའི་དོན་མཛད་ཚུལ་ནི། ཐོག་མར་རིན་ཆེན་་་་ོག་ཆོག་པ་སྐུ་བ་བཞེས་ལ། བར་དུ་མཁས་བཙུན་རྒྱལ་འཚན་འབུམ་དུ་སྐུ་སྐྱེ་བ་བཞེས་སོ། །དེ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཚུལ་དང་རྣམ་པར་ཐར་པ་ནི་ལོགས་ཞིག་དུ་གསོལ་ལོ། །སྐུ་སྐྱེ་བ་གསུམ་་་་་་སྐོལ་ཀྱི་བླ་མ་འདིར་སྣང་པས། འོ་སྐོལ་བླ་མ་སྒྲུབ་ཆེན་ཆོས་འབྱུང་རིན་ཆེན་རྣམ་པར་ཐར་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་བྲི་བའི་ཐོག་མར། བླ་མ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །བླ་མའི་རྣམ་ཐར་རྒྱ་མཚོ་ཁྱོན་ཡངས་པས། བློ་དམན་བདག་གིས་རྟོགས་པར་མི་ནུས་ཀྱང་། ཆུ་ཐིགས་རྩམ་གཅིག་བཞན་དོན་སེམས་ཀྱིས་བརྗོད། མཁའ་འགྲོ་སོགས་ཀྱིས་བར་ཆད་མི་བཏང་འཚལ། བདེ་ལེགས་ཀུན་ཀྱི་རྩ་བ་ཡིན་པ་དང་། ཟབ་ལམ་ཀུན་ཀྱི་མཐུག་ཡིན་པའི་ཕྱིར། མཚན་ཉིད་ལྡན་པའི་བླ་མ་བརྟེན་པ་ལ། དེའི་རྣམ་ཐར་དད་པས་ཉན་པར་རིགས། ཅེས་པ་ནི་དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་རྒྱ་མཚོ་ལྟར་ཁྱོན་ཆེ་བས། བློ་་་་ན་བདག་འདྲས་མི་རྟོགས་ཀྱང་། །བླ་མ་རང་ཉིད་ཀྱིས་བཀའ་སྩལ་པ་བཞིན་མདོར་བསྡུས་གཅིག་དད་ལྡན་རྣམས་ཀྱིས་སྐུལ་བའི་ངོར་འབྲི་བ་ལ་ཐོག་མར། དད་པ་ནི་དཀར་པོའི་ཆོས་ཐམས་ཅད་སྐྱེ་པའི་རྒྱུ་ཡིན་ལ། རྒྱུ་དད་པ་མེད་ན། འབྲས་བུ་དཀར་པོའི་ཆོས་ཐམས་ཅད་མི་སྐྱེ་ཏེ། ས་བོན་མེ་ཡིས་ཚིག་པ་ལ། མྱུ་གུ་སྔོན་པོ་མི་འབྱུང་པ་བཞིན།
མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། ཅེས་གསུངས་པས།
ཐོག་མར་དད་པ་ཁོ་ན་གལ་ཆེ་ལ། ་་་་་རྣམ་པ་གསུམ་ཏེ། དད་པའི་དད་པ། ཡིད་ཆེས་པའི་དད་པ། འདོད་པའི་དད་པ་དང་གསུམ་དུ་བཤད།
དང་པོ་དད་པ་བྱ་བ་བླ་མ་ལ་སངས་རྒྱས་དངོས་སུ་བལྟ་ཞིང་། གདུང་ཤུགས་གི་མོས་གུས་མིག་ནས་ཁྱ་་་མ་འབྲུལ་ཞིང་་་་་་་་་་་་ས་པའི་དད་གུས་བྱས་པས། བླ་མ་སངས་རྒྱས་སུ་མཐོང་པའི་གུས་པའོ། །བླ་མས་གསུངས་པའི་ཆོས་རྣམས་ལ་ཡིད་ཆེས་པའི་དད་གུས་བརྟན་པོ་བརྙེད་པ་དེ་ལ། གཉིས་ཡིད་ཆེས་པའི་དད་པ་ཟེར་བ་ལགས། ་་་ To input
་་་ དཀོན་མཆོག་རིན་ཆེན་ཀྱིས་ས་ཕོ་བྱི་བའི་སྨིན་དྲུག་ཟླ་བའི་ཚེས་་་་ དྲུག་གི་ཉིན་་་་་་དུ་སྡེབས་པ་འདི་རེ་ཤིག་རྫོགས་སོ།
།འདི་གཞན་དགེ་བ་མ་ལུས་གཅིག་སྡོམས་ནས། དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཏེ། རྣམ་དཀར་འཕྲིན་ལས་འགྲོ་ལ་རྩོལ་བ་དང་། བདེ་བ་ཅན་དུ་དཔལ་ལྡན་བླ་མའི་དྲུང་། བདག་དང་འགྲོ་བ་མཁ་་་་་་་་་ཐམས་ཅད་ཀུ་་་་་། པད་པའི་སྟེང་དུ་རྫུས་ཏེ་སྐྱེས་གྱུར་གཅིག །དེར་སྐྱེས་ནས་ནི་སྨོན་ལམ་ཅི་བཏབ་པ། དེ་དག་སྐད་གཅིག་གཅིག་ལ་འགྲུབ་པ་དང་། སྤྲུལ་པ་མང་པོའི་འགྲོ་བའི་དོན་བྱེད་ཤོག
།དཔལ་ལྡན་བླ་མའི་ཐུགས་རྗེའི་བྱིན་བརླབ་དང་། །དཀོན་མཆོག་གསུམ་ཀྱི་བདེན་པའི་བྱིན་རླབས་དང་། །རྟེན་འབྲེལ་ཇི་ལྟར་དག་པའི་ནུས་པ་ཡིས། །སེམས་ཅན་ཡིད་ལ་ཅི་འདོད་འགྲུབ་པར་ཤོག། མཾགྷལཾ་བྷ་ཝནཏུ།