Catalog of transmissions recieved by Jamgön Kongtrül
Excerpt from 'jam mgon kong sprul yon tan rgya mtsho'i gsan yig dgos 'dod kun 'byung (W1KG16278) by Jamgön Kongtrül Lodrö Thayé
འཕགས་ཡུལ་གྱི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད། ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་པ་གཉིས་ཀྱི་ཞལ་ལུང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་གསེར་ཆོས་རྒྱ་མཚོ་ཙམ་ལས་གཙོ་བོར་གྱུར་པ་གདམས་སྐོར་རྣམ་པ་གསུམ་དང་བཞི་དང་ལྔ་ལ་སོགས་པར་གྲགས་པ་ལས། དེང་སང་རྒྱུན་བཞུགས་པ་ནི་པཎ་ཆེན་རྡོ་རྗེ་གདན་པ་ནས་བརྒྱུད་པའི་སྐོར། ནི་གུ་མའི་སྐོར། སུ་ཁ་སིདྡྷིའི་སྐོར། རཱ་ཧུ་ལ་གུ་པྟའི་སྐོར་ཏེ་བཞི་དང་། ཞར་བྱུང་ཐོར་བུའི་སྐོར་བཅས་བཞུགས་པ་ལས།
Dorjé Denpa
རྡོ་རྗེ་གདན་པ་ལས་བརྒྱུད་པའི་སྐོར་ལ།
རྒྱུད་སྡེ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་རྟེན་བཅས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་སྒྲུབ་ཐབས་དང་དཀྱིལ་མཆོག་གི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་ལེགས་པར་ནོས།
Niguma
ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་ནི་གུ་མ་ནས་བརྒྱུད་པའི་སྐོར་ལ།
ཇི་སྐད་དུ། རྩ་བ་ཆོས་དྲུག་སྡོང་པོ་གྭའུ་མ། ཡལ་ག་ལམ་ཁྱེར་མེ་ཏོག་མཁའ་སྤྱོད་གཉིས། འབྲས་བུ་ལུས་སེམས་འཆི་མེད་འཆུག་མེད་དེ། བཀའ་བརྒྱུད་ཤངས་པའི་ཉམས་ལེན་གཙོ་བོ་ཡིན། །ཞེས་གསུངས་པ་ལྟར་གསེར་ཆོས་ལྔ་པོ་རེ་རེའང་སྨིན་བྱེད་གྲོལ་བྱེད་རྒྱབ་བརྟེན་གྱི་རིམ་པ་གསུམ་དུ་བཞུགས་པ་ལས།
The initiations
དང་པོ་སྨིན་བྱེད་དབང་གི་སྐོར་ལའང་ཆོས་དྲུག་ལ་བཀའ་བཅུ། ཕྱག་ཆེན་ལ་བཀའ་ལྔ། མཁའ་སྤྱོད་ལ་བཀའ་གསུམ་ཞེས་གྲགས་པའི་
Initiations for the Six doctrines of Niguma
དང་པོ་ཆོས་དྲུག་བཀའ་བཅུ་ནི།
རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྒྲུབ་དཀྱིལ་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བདེ་མཆོག་ལྷ་ལྔའི་དབང་བཞི་ཡོངས་རྫོགས་པ།
ཞྭ་ལུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པའི་བདེ་ཆེན་མྱུ་གུའི་ཕྲེང་བ་ལས། བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བཞི་སྟེ་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས།
འགྲོ་མགོན་སངས་རྒྱས་སྟོན་པས་མཛད་པའི་དབང་བསྐུར་གྱི་སྔོན་འགྲོ་དང་། ཀུན་མཁྱེན་གངས་ཁྲོད་པས་མཛད་པའི་དབང་ཆོག་སྦྱར་བའི་སྟེང་ནས་སྒྱུ་ལུས་དབང་མོ་ཆེའམ་འཇུག་སྒོ་ཡོན་ཏན་ཀུན་འབྱུང་དུ་གྲགས་པ་དངོས་གཞི་བུམ་དབང་བཏགས་པ་བརྡའི་དབང་བཞི། ཞར་བྱུང་ཏིང་ངེ་འཛིན་གྱི་དབང་ཐོབ་པ་དོན་གྱི་དབང་བཞི་ལ་དབང་གདམས་ངག་དང་འགྲེལ་བ། གདམས་ངག་དབང་དང་འབྲེལ་བ་གཉིས། མཐར་ཐུག་གསང་བའི་དབང་བཞི་ལ་གདམས་ངག་དབང་དང་འགྲེལ་བ། དབང་གདམས་ངག་དང་འབྲེལ་བ་བཅས་ནང་གསེས་ཚང་ལ་མ་ནོར་བ་དང་། ཞྭ་ལུ་རིན་པོ་ཆེའི་ཡིག་ཆ་ལས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཏིང་ངེ་འཛིན་གྱི་དབང་བཞི་སྟེ་བྱིན་རླབས་ཁོག་འབུབ་ཀྱི་བཀའ་གཉིས།
མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་ལྟར་གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་སྟེ་བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་བསྡོམས་པས་བཅུའོ།
།དེ་དག་ཀྱང་ཇོ་ནང་ཕྱག་བཞེས་དང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་རིགས་ཞྭ་ལུ་པའི་ཡིག་ཆ་དང་གུང་སྤྲོས་ནས་གནང་བས་ལུགས་གཉིས་ཀ་ཐོབ་གོ་ཆོད་པར་མཛད་དོ།
Initiations of Mahamudra
༈ །གཉིས་པ་ཕྱག་ཆེན་སྐོར་ལ།
མཁན་ཆེན་ངག་ཆོས་པའི་ཡིག་ཆའི་སྟེང་ནས་ཕྱག་རྒྱ་ཆེན་པོ་གྭའུ་མའི་བྱིན་རླབས།
ཡིག་རྙིང་གསལ་བྱེད་ཅུང་ཟད་དང་བཅས་པའི་སྟེང་ནས་བླ་མ་ལམ་ཁྱེར་དང་། ཡི་དམ་ལམ་ཁྱེར་གྱི་དབང་གཉིས། སྒྱུ་མ་ལམ་ཁྱེར་ནི་ཆོས་དྲུག་སྒྱུ་ལུས་དང་གཅིག་པས་ཟུར་དུ་མི་དགོས་གསུངས།
མཁན་ཆེན་ཡིག་སྟེང་ནས། བིརྺ་པའི་ལུགས་ཀྱི་ལུས་འཆི་མེད་ཀྱི་དབང་།
ནི་གུ་རང་ལུགས་ཀྱི་སེམས་འཆུགས་མེད་ཀྱི་དབང་བཅས།
Initiations of the Kechari
༈ །གསུམ་པ་མཁའ་སྤྱོད་སྐོར་ལ། མཁན་ངག་ཆོས་པའི་ཡིག་སྟེང་ནས་མཁའ་སྤྱོད་དཀར་མོ་དང་། མཁའ་སྤྱོད་སུམ་ཕྲུག་གི་དབང་། མཁའ་སྤྱོད་དམར་མོ་ནི་ཆོས་དྲུག་གི་འཕོ་བའི་དབང་དང་གཅིག་པས་སྐབས་འདིར་ཟུར་དུ་མི་མཛད་གསུངས།
The instructions
གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ།
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཡིག་ཆའི་སྟེང་ནས་ཆོས་དྲུག་ཡོངས་སུ་རྫོགས་པའི་ཁྲིད།
མཁན་ཆེན་ངག་ཆོས་པའི་ཡིག་སྟེང་ནས་ཆོས་དྲུག་སྟན་ཐོག་གཅིག་མའི་ཁྲིད།
གྲུབ་ཆེན་རིན་པོ་ཆེའི་ཡིག་སྟེང་ནས་ཕྱག་ཆེན་གྭའུ་མའི་ཁྲིད།
རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཡིག་ཆའི་སྟེང་ནས་ཕྱག་ཆེན་ཁྲིག་རྐུ་ཐབས་ངོ་སྤྲོད་དང་བཅས་པ།
གྲུབ་ཆེན་ཐང་སྟོང་པའི་ཡིག་སྟེང་ནས་ལམ་ཁྱེར་རྣམ་གསུམ་གྱི་ཁྲིད་དང་། ལུས་སེམས་འཆི་མེད་ཀྱི་ཁྲིད།
ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་ཡིག་ཆ་ལས་མཁའ་སྤྱོད་དཀར་མོ་དང་། ཡིག་རྙིང་ལྟར་མཁའ་སྤྱོད་དམར་མོའི་འཕོ་ཁྲིད་བཅས་བཀའ་དྲིན་དུ་སྩལ།
The texts
གསུམ་པ་རྒྱབ་བརྟེན་ལུང་གི་སྐོར་ལ། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པ་གཉིས།
Biographies
དང་པོ་སངས་རྒྱས་རྡོ་རྗེ་འཆང་གི་རྣམ་ཐར་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་རྣམ་ཐར། རྨོག་ལྕོགས་པ་ཕྱི་མ་ཀུན་དགའ་འོད་ཀྱིས་མཛད་པ།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར།
རྨོག་ལྕོགས་པ།
དབོན་སྟོན་སྐྱེར་སྒང་པ་བཅས་ཀྱི་རྣམ་ཐར། སྐྱེར་སྒང་པའི་རྣམ་ཐར་བཀའ་རྒྱ་མ།
རི་གོང་པ་སངས་རྒྱས་གཉན་སྟོན་དང་།
འགྲོ་མགོན་སངས་རྒྱས་སྟོན་པའི་རྣམ་ཐར། དེའི་རྣམ་ཐར་མྱ་ངན་འདས་ཆུང་མ། ནང་གི་རྣམ་ཐར་བཅས།
དེ་དག་གི་རྩ་བ་རྣམས་ཁྱུང་པོ་སོགས་མཁས་གྲུབ་སོ་སོའི་ཞལ་གསུངས་མ་ཡིན་ཅིང་། འཕྲོས་མྱ་ངན་འདས་བྱུང་དང་གཞན་རྣམས་སློབ་མས་ལྷན་ཐབས་སུ་སྦྱར་བ་ཡིན་ནོ། །དེ་དག་ནི་བཀའ་བབས་ཤིང་རྟའི་ལམ་སྲོལ་དང་པོ་ལས་རིན་ཆེན་རྣམ་བདུན་གྱི་རྣམ་ཐར་ལོ་རྒྱུས་ཁོ་ན་ཙམ་སྟེ།
གཞན་རིན་ཆེན་རྣམ་བདུན་གསར་མར་གྲགས་པ་གཙང་མ་ཤངས་སྟོན་སོགས་དང་། བཀའ་བབས་བར་པ་གྲུབ་ཆེན་རིན་པོ་ཆེ་ལྕགས་ཟམ་པའི་རྣམ་ཐར་ལ་སོགས་པ་ལུང་རྒྱུན་མ་ཆད་པར་བཞུགས་ཀྱང་སྐབས་འདིར་མ་མནོས།
བཀའ་བབས་ཕྱི་མ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྣམ་པར་ཐར་པ་རང་གི་མྱོང་བ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་དང་། རྗེ་བཙུན་སྒྲོལ་བའི་མགོན་པོའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང་བཅས་རང་རང་གིས་མཛད་པ་རྣམས་ནོས་།
The teachings
གཉིས་པ་གདམས་སྐོར་དངོས་ལ་རྒྱ་གཞུང་གཙོ་བོར་གྱུར་པའི་རྩ་བའི་ཡིག་རྙིང་དང་། གསལ་བྱེད་ཉེར་མཁོའི་ལྷན་ཐབས་གཉིས།
The ancient texts
དང་པོ་ལ་སྨིན་གྲོལ་གྱི་ཆོས་སྡེ་གཉིས་ལས།
Initiations
དང་པོ་སྨིན་བྱེད་དབང་གི་ཆོས་སྡེར་གཏོགས་པའི་སྐོར་ལ།
ཁྱུང་པོ་རྣལ་འབྱོར་པའི་ལུགས་ཀྱི་བདེ་མཆོག་ལྷ་ལྔ༼ཏཱ༽འི་མངོན་རྟོགས་ཞེས་པ། མགོར་ན་མོ་གུ་རུ། བླ་མ་དམ་པའི་ནས། ཡེ་ཤེས་ཌཱ་ཀི་མའི་གསུང་ཇི་ལྟ་བ་བཞིན་བཀོད་པ་ཁྱུང་པོ་རྣམ་འབྱོར་པའི་ལུགས་སོ་ཞེས་པའི་མཐའ་ཅན།
བདེ་མཆོག་ལྷ་ལྔའི་མཆོད་འགྲིགས། བླ་མ་དང་དཔལ་འཁོར་ལོ་སྡོམ་པ་ནས། ཚུལ་ཁྲིམས་མགོན་པོས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། བླ་མ་དམ་པའི་ཞབས་བཏུད་སོགས་ནས། སྔགས་འཆང་རྒྱལ་མཚན་འབུམ་གྱིས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
འཁོར་ལོ་སྡོམ་པའི་ཏིང་ངེ་འཛིན་གྱི་དབང་བསྐུར་མགོར་རྒྱ་སྐད་ཅན། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་སྡོམ་པ་རྒྱ་མཚོའི་རྒྱུད་ལས་ཕྱུངས་ཤིང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ།
བདེ་མཆོག་ལྷ་ལྔའི་དབང་བཞིའི་འགྲིགས་༼ཏཱ༽མགོར། བླ་མ་ཡི་དམ་དབྱེར་མེད་ནས། དྷྭ་ཛ་ལཀྵས་བཀོད། དགེ་བས་བདེ་མཆོག་སོགས་ཀྱི་མཐའ་ཅན།
དཔལ་རྒྱུད་སྡེ་ལྔའི་རྒྱ་གཞུང་༼ཏཱ༽མགོར་རྒྱ་སྐད་ཅན། པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང་ལོ་ཙཱ་བ་གླན་དར་བློས་བསྒྱུར་ཅིང་། སླད་ནས་ལོ་ཆེན་རིན་ཆེན་བཟང་པོས་གཏན་ལ་ཕབ་པ།
རྒྱུད་སྡེ་ལྔའི་མངོན་རྟོགས་གཏོར་མ་དང་བཅས་པ་མགོར་བླ་མ་དམ་པ་རྣམས་ལ་ནས། ཁྱུང་པོ་རྣལ་འབྱོར་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན།
རྒྱུད་སྡེ་ལྔའི་མངོན་རྟོགས་༼ས༽བླ་མ་དམ་པའི་ཞབས་སོགས། རྒྱལ་བ་ལོངས་སྐུ་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ། །ཨྀཐི། བླ་མ་རིན་པོ་ཆེ་ནས། ཐོབ་པར་གྱུར་ཅིག་པའི་མཐར་ཅན།
འགྲོ་མགོན་ཆོས་རྗེ་སྟོན་པས་མཛད་པའི་དབང་བསྐུར་སྔོན་འགྲོ་༼ཏཱ༽། བླ་མ་དམ་པའི་ཞབས་བཏུད་སོགས་ནས། བརྩོན་འགྲུས་སེང་གེས་གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན།
འཇུག་སྒོ་ཡོན་ཏན་ཀུན་འབྱུང་༼ས༽སྒྱུ་ལུས་ཀྱི་བཙུན་པ་གངས་པས་སྦྱར་བྱང་གི་ཚིག་ཡོད་པ། འདེའི་མཇུག་ཏུ། མཆོད་གཏོར་སྐབས་སུ་མཁོ་བའི་བསྟོད་ཐུང་༼ས༽ཡོད།
སྒྱུ་ལུས་དབང་མོ་ཆེ་༼ཏཱ༽ན་མོ་གུ་རུ་ཙཀྲ་སམྦ་ར་སོགས་ནས། ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ་སོགས་དང་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན།
ཆོས་དྲུག་སྒོས་བཀའ་ཚན་དྲུག་༼ཏཱ༽མགོར་བླ་མ་སོགས་ནས། མཐར། རིན་ཆེན་གསེར་ཕྱེ་ཕུལ་ནས་ཞུས། །ཨྀཐི། ཞེས་པ་ཐམས་ཅད་ལ་ཡོད་པ།
འཕོ་བ་དང་བར་དོ་སྤྱིའི་བཀའ་༼ཏཱ༽། ན་མོ་གུ་རུ་ནས། རྗེས་ཀྱི་ཆོས་རྣམས་བྱའོ་ཞེས་པའི་མཐའ་ཅན།
ལག་ལེན་ཟིན་བྲིས་༼ཏཱ༽། ན་མོ་གུ་རུ་སྔོན་འགྲོའི་རིམ་པ་གཞན་དུ་གསལ་ལོ་ཞེས་སོགས་ཀྱི་མཐའ་ཅན།
ཕྱག་རྒྱ་ཆེན་པོ་གྭའུ་མའི་བཀའ༼ཏཱ༽། བླ་མ་རྣམས་ལ་ནས། ཟབ་ལམ་ཡིན་གསུངས་པའི་མཐའ་ཅན།
དུག་ལྔ་ལམ་ཁྱེར་གྱི་བཀའ་༼ཏཱ༽ན་མོ་གུ་རུ་བླ་མ་དམ་པའི་ནས། སྤྱི་འགྲོ་ལྟར་ཤེས་པར་བྱའོའི་བཐའ་ཅན།
བླ་མ་ལམ་ཁྱེར་གྱི་བཀའ་༼ཏཱ༽བླ་མ་དམ་པའི་ནས། བླ་མ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོའི་མཐའ་ཅན།
ཡི་དམ་ལམ་ཁྱེར་གྱི་བཀའ་༼ཏཱ༽ན་མོ་ཙཀྲ་སཾ་བ་ར་ནས། ཡི་དམ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོའི་མཐའ་ཅན།
སྒྱུ་མ་ལམ་ཁྱེར་གྱི་བཀའ་༼ཏཱ༽ན་མོ་གུ་རུ་དེ་བ་ནས་རྫོགས་སོའི་བཐའ་ཅན།
ལུས་འཆི་མེད་ཀྱི་དབང་གི་རྒྱ་གཞུང་རྒྱ་སྐད་ཅན་པཎྜི་ཏ་ཨེ་ཏེ་བ་དང་། རྨར་ལོ་ཙཱ་བས་བསྒྱུར་བ།
དབང་ཆོག་ན་མོ་གུ་རུ་མཎྜལ་དཔེའུ་ཆུང་ནས། བཤད་པ་ཞིབ་རྒྱས་གསུངས་སོའི་བར།
སེམས་འཆི་མེད་རང་གྲོལ་གྱི་དབང་ཆོག་བླ་མ་དམ་པའི་ཞབས་བཏུད་སོགས་ནས། འཆི་མེད་རང་གྲོལ་གྱི་དབང་བཞི་རྫོགས་སོའི་མཐའ་ཅན།
མཁའ་སྤྱོད་དཀར་མོའི་དབང་ཆོག་ན་མོ་གུ་རུ་མཁའ་སྤྱོད་མའི་དབང་སོགས་ནས། རྗེས་ཀྱི་ཆོ་ག་རྣམས་བྱའོའི་མཐའ་ཅན།
མཁའ་སྤྱོད་མའི་བཀའ་བྱེད་ལུགས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། བྱང་ཆུབ་ཏུ་བསྔོའོ་སོགས་ཀྱི་མཐའ་ཅན།
མཁའ་སྤྱོད་དམར་མོའི་བཀའ་ན་མོ་གུ་རུ་རྗེ་བཙུན་མ་འདིའི་བྱིན་རླབས་སོགས་ནས། མཁའ་སྤྱོད་མའི་དབང་བསྐུར་རྫོགས་སོའི་མཐའ་ཅན་བཅས།
The instructions
གཉིས་པ་གྲོལ་བྱེད་གདམས་པའི་ཆོས་སྡེ་ལ་ལྔ་སྟེ།
The Six Yogas
དང་པོ་རྩ་བ་ཆོས་དྲུག་གི་སྐོར་ནི།
ཆོས་དྲུག་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཕྱིས་རིན་ཆེན་བཟང་པོས་གཏན་ལ་ཕབ་པ། ཁྱུང་པོའི་མཚན་དཀྱུས་ཤོར་ཅན་དང་། ཡང་བུདྡྷ་ཤྲཱིས་གཞུང་མཆན་སོ་སོར་ཕྱེས་ནས་མཆན་ཅུང་ཟད་བཏབ་པ་ལ་སླར་ཡང་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་ཞིབ་ཏུ་དཔྱད་པ་བཅས་འདྲ་མིན་གཉིས།
ཆོས་དྲུག་གི་ཚིག་གསལ་མཆན་ཅན་ཁྱུང་པོས་མཛད་པ། བླ་མ་དམ་པའི་ནས། ཅུང་ཞིག་གསལ་བར་བྱས་པ་རྫོགས་སོ་སོགས་ཀྱི་མཐའ་ཅན།
ཆོས་དྲུག་ཐེམ་ཡིག །རྡོ་རྗེ་འཆང་གིས་ནས། ཌཱ་ཀི་ནི་གུ་མས་ཇི་ལྟར་གསུངས་པ་བཞིན་དུ་བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན།
གཞི་ལམ་འབྲས་བུའི་རྣམ་གཞག་༼ཏཱ༽མཆན་ཅན་གཞི་ལམ་སོགས་ནས། ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོའི་མཐའ་ཅན།
ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་མཆན་ཅན་ན་མོ་གུ་རུ་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་རྒྱས་པའི་མཐའ་ཅན།
སྒྱུ་ལུས་དྲུག་ལྡན་མཆན་ཡོད་ན་མོ་གུ་རུ། དོན་དམ་མ་གཏོགས་པའི་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོའི་མཐའ་ཅན།
ཆོས་དྲུག་གི་ས་བཅད་རྒྱས་པ་ན་མོ་གུ་རུ་དེ་བ་ནས། དྷརྨ་མ་ཏིས་རང་གི་དྲན་པ་གསོ་ཕྱིར་བྲིས་པ། འགྲུབ་པར་མཛད་དུ་གསོལ་གྱི་མཐའ་ཅན།
ཆོས་དྲུག་གི་འགྲེལ་པ་བདུད་རྩིའི་རྒྱ་མཚོ༼ས༽། བླ་མ་དམ་པའི་ཞབས་ལ་ནས། སྔགས་འཆང་པྲ་ཛྙཱཤཱི་ལ་དྷྭ་ཛས་ཡི་གེར་བཀོད་པའོ་ཞེས་གསུངས་པའི་མཐའ་ཅན།
ཆོས་དྲུག་གི་ཞལ་ཤེས་གནད་ཀྱི་ལྡེའུ་མིག་བླ་མ་དང་འཇམ་པའི་དབྱངས་ནས། ཤཱཀྱའི་སྤྲང་པོ་རི་ཁྲོད་པས་བྲིས་པའོའི་མཐའ་ཅན།
རྗེ་བཙུན་མུ་ཏིག་ཕྲེང་བའི་ཞལ་གདམས་༼ས༽ཀྱི་རིམ་པ། བླ་མ་དམ་པ་ནས། ཞལ་གདམས་བཀའ་རྒྱ་མའོ་དཔེ་འདི་གཞན་ལ་མི་བསྟན་ཨྀཐིའི་མཐའ་ཅན།
གཏུམ་མོ་སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱི་སྐོར༼ས༽། ན་མོ་གུ་རུ་དངོས་གཞི་ལ་སོགས་ནས། བདེ་དྲོད་ཀྱི་ཞལ་སྦྱོར་རོ།
།བོགས་འདོན་གྱི་སྐབས་སུ་༼ས༽ནས། དེ་ནི་གེགས་སེལ་ཡིན་ནོ་ཞེས་པའི་མཐའ་ཅན།
གཏུམ་མོའི་ལྷན་ཐབས་༼ས༽། ཐབས་ལམ་དངོས་གཞིའི་སྐབས་སུ་ནས། གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་གསུངས་སོ། །བླ་མ་གྲུབ་ཐོབ་ནས། ལྷན་ཐབས་ཀྱི་གདམས་པ་དགེའོའི་མཐའ་ཅན།
སྒྱུ་ལུས་གདན་ཐོག་གཅིག་མ། བླ་མ་དམ་པ་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན།
སྒྱུ་ལུས་ཀྱི་སྦྱོང་བ་རྣམ་གཉིས། འགྲོ་སྐྱོབ་རྡོ་རྗེ་ཕག་མོའི་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན།
ཞལ་ཤེས་བླ་མའི་གཏུམ་མོ་འདིར་ཞལ་ལས་བྱུང་བ་ནས། གསང་ངོ་ཨྀཐིའི་མཐའ་ཅན།
སྒྱུ་མ་རབ་ཏུ་གསལ་བར་བྱེད་པའི་སྙིང་པོ་རིན་པོ་ཆེ་འོད་ཀྱི་ཕྲེང་བ་མཉམ་མེད་རིན་ཆེན་བརྩོན་འགྲུས་ཀྱིས་མཛད་པ། ན་མོ་རཏྣ་ནས་རྫོགས་སོའི་མཐའ་ཅན།
ལམ་མཆོག་དྲི་མེད་འོད་ཕྲེང་རི་གོང་དུ་མཛད་པ་ན་མོ་གུ་རུ། ལེགས་པའི་ཡོན་ཏན་ནས། ཡི་གེར་བཀོད་པ་རྫོགས་སོའི་བཐའ་ཅན།
ཉམས་མྱོང་མ་རིག་མུན་སེལ་ཉི་མའི་དཀྱིལ་འཁོར་རི་གོང་དུ་བཀོད་པ་ན་མོ་རཏྣ་གུ་རུ་སྣང་ཞིང་སྲིད་པ་ནས། རྫོགས་སོའོ་མཐའ་ཅན།
སངས་རྒྱས་གཉན་སྟོན་ལ་འགྲོ་མགོན་སྟོན་པས་ཞུས་ལན་ཟླ་བའི་དཀྱིལ་འཁོར་ཉོན་མོངས་གདུང་སེལ་བླ་མ་དམ་པ་ནས། ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན་དང་།
ཞུས་ལན་རིན་ཆེན་སྒྲོན་མེ་དུས་གསུམ་ཤེས་བྱའི་ནས་རྫོགས་སོའི་མཐའ་ཅན།
སྒྱུ་ལུས་འཛིན་པ་རང་གྲོལ་ཆོས་རྗེ་སྟོན་པས་མཛད་པ་མཆན་ཅན། ན་མོ་གུ་རུ་ཡེ་ཤེས་ཀྱི་མཁའ་འགྲོ་ནས་རྫོགས་སོའི་མཐའ་ཅན།
ནི་གུ་ཆོས་དྲུག་གི་ཞལ་ཤེས་དང་གཏམ་རྒྱུད་ལྷན་ཐབས་མཁས་གྲུབ་ཆོས་རྗེ་དང་ཤངས་སྟོན་ལ་སངས་རྒྱས་སྟོན་པས་གསུངས་པ་རྣམས་མཁས་གྲུབ་པ་དང་མཁས་བཙུན་རྒྱལ་མཚན་འབུམ་གྱིས་ཟིན་བྲིས་མཛད་པ་ཕྱོགས་གཅིག་ཏུ་བསྡེབས་པ། བླ་མ་དམ་པའི་ནས་རྫོགས་སོའི་མཐའ་ཅན།
ནི་གུ་མའི་དམིགས་པ་གསུམ་སྐོར། བླ་མ་དམ་པ་ནས། གདམས་པ་ཡིན་ནོ་ཞེས་པའི་མཐའ་ཅན།
དམིགས་པ་ལྔ་བསྐོར་སྐྱབས་འགྲོ་སེམས་བསྐྱེད་སོགས་ནས། ཞལ་གདམས་ཡིན་ནོའི་མཐའ་ཅན།
ཉམས་མྱོང་ཡོན་ཏན་རྒྱ་མཚོ་ན་མོ་རཏྣ་གུ་རུ། མཁའ་ལྟར་དག་པ་ནས། སངས་རྒྱས་སྟོན་པའི་གསུང་བཞིན་དུ་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
སྒྱུ་མ་ལ་རིམ་དྲི་མེད་སྙིང་པོ་མཁའ་འགྲོ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་བློས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་སོའི་མཐའ་ཅན།
སྒྱུ་མ་ལམ་རིམ་གྱི་ས་བཅད་བླ་མ་དམ་པའི་ནས། ཁྱུང་པོ་རྣལ་འབྱོར་པས་བཀོད་པ་རྫོགས་སོའི་མཐའ་ཅན།
སྒྱུ་མ་ལམ་རིམ་གྱི་འགྲེལ་པ་ཡེ་ཤེས་མཁའ་འགྲོ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། གླན་ལོ་ཙཱ་བས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་གྱིས་ཞུས་ནས་དག་པར་བྱས་པའོའི་མཐའ་ཅན།
སྒྱུ་ལུས་དྲུག་ལྡན་ན་མོ་གུ་རུ། དོན་དམ་རྫོགས་པའི་ནས། བདག་ཁྱུང་པོ་རྣལ་འབྱོར་པའི་ལུགས་སོ་ཞེས་པའི་མཐའ་ཅན།
སྒྱུ་ལུས་ཀྱི་འབྱམས་གཅོད་རྩ་འགྲེལ། མཆན་ཡོད། བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་སྒྱུ་ལུས་ནས། ཉམས་སུ་བླང་བར་ཞུ། །ཨྀཐི། མཚན་མའི་རྟོག་པ་ནས། མཆན་ཅན། འབྱམས་གཅོད་རྫོགས་སོ་ཨྀཐིའི་མཐའ་ཅན།
འབྱམས་གཅོད་ཀྱི་བསྡུས་དོན་སྒྱུ་ལུས་ཀྱི་འབྱམས་གཅོད་མཆན་ཡོད། ལ་བཞི་སྟེ་སོགས་ནས། བསྡུས་དོན་ནོའི་མཐའ་ཅན།
ཆོས་དྲུག་གི་གསུང་སྒྲོས་སྒྱུ་ལུས་གནད་ལ་དབབ་པ་ཞེས་བྱ་བ། བླ་མ་དམ་པའི་ནས། བཙུན་པ་རྒྱལ་མཚན་འབུམ་གྱིས་ལྷག་ཆད་མེད་པར་ཡི་གེར་བཀོད་པའོ་ཞེས་པའི་མཐའ་ཅན།
བླ་མའི་ཞལ་ཤེས་འོད་གསལ་འཆར་སྒོ་ངོས་འཛིན། བླ་མ་ཡི་དམ་ནས། གཞན་དོན་ལྷུན་གྲུབ་ཤོག་གི་མཐའ་ཅན།
ཁྱད་འཕགས་འཆར་སྒོ་ངོས་འཛིན་སངས་རྒྱས་སྟོན་པས་མཛད་པ། སངས་རྒྱས་ཐམས་ཅད་ནས། རེ་ཞིག་རྫོགས་སོའི་མཐའ་ཅན།
འཆུགས་མེད་བར་དོ་གསུམ་གྱི་གདམས་པ། མཆན་ཅན། བླ་མ་དམ་པའི་ཞབས་པད་ལ་སོགས་ནས། མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག་གི་མཐའ་ཅན་བཅས་སོ།
Mahamudra
།གཉིས་པ་སྡོང་པོ་ཕྱག་ཆེན་སྐོར་ལ།
ཕྱག་རྒྱ་ཆེན་པོ་གྭའུ་མའི་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་མཆན་དང་བཅས་པ།
ཁྲིད་ཡིག་བླ་མ་ཌཱ་ཀི་ནས། ལོ་ཟླས་སངས་རྒྱས་མངོན་དུ་བྱེད་ཅེས་པའི་བར། ན་མོ་གུ་རུ། རྗེས་ཀྱི་ཆོས་ལ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན།
སྙན་བརྒྱུད་ན་མོ་གུ་རུ། ལྷ་སྐུ་དང་སྡགས་ཀྱི་སྤྲོ་བསྡུ་བྱ་བའང་སྣང་། མཆན་ཡོད། དང་པོ་ནི་རང་ལུས་ནས། མང་བཞིན་ནོ། །ཨྀཐི། སྔོན་འགྲོའི་ཚད་ནས་རྗེས་ཀྱི་མན་ངག་དམ་པའོ་ཨྀཐིའི་བར།
རང་གྲོལ་ཕྱག་རྒྱ་ཆེན་པོ་ནི་གུ་མས་མཛད་པ་ཡིད་བཞིན་ནོར་བུ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ནས་ཞུས་སོའི་མཐའ་ཅན།
ཕྱག་ཆེན་གྭའུ་མའི་ཁྲིད་ཡིག་༼ཏཱ༽མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། བླ་མ་ཡི་དམ་ནས། འགྲུབ་པར་གྱུར་ཅིག་གི་མཐའ་ཅན།
སྙན་བརྒྱུད་ཀྱི་གདམས་པ་སྣང་བ་རང་སེམས་ཀྱི་ཁྲིད། བླ་མ་དམ་པའི་ཞབས་སོགས་ནས། མཛད་པར་ཞུ་ཞེས་པའི་མཐའ་ཅན།
Integration
གསུམ་པ་ཡལ་ག་ལམ་ཁྱེར་རྣམ་གསུམ་སྐོར་ལ།
འཆུག་མེད་ལམ་ཁྱེར་གསུམ་གྱི་རྡོ་རྗེའི་ཚིག་རྐང་རྒྱ་སྐད་ཅན་གླན་ལོ་ཙཱས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་མཐའ་ཅན།
ལམ་ཁྱེར་གསུམ་གྱི་ཞལ་གདམས། དེ་ལ་ཇི་ལྟར་འདུག་ཀྱང་བླ་མའི་སྣང་བ་ནས། ངང་ལ་བཞག་གོའི་མཐའ།
འཆུག་མེད་ལམ་ཁྱེར་གསུམ་གྱི་ཁྲིད་ཡིག་ཚིག་དོན་གསལ་བ་མཁས་བཙུན་རྒྱལ་མཚན་འབུམ་གྱིས་མཛད་པ། བླ་མ་དམ་པ་དུས་གསུམ་སངས་རྒྱས་ནས། ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན་བཅས།
The khechari
བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་སྐོར་ལ།
མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་རྒྱ་སྐད་ཅན། མཆན་ཡོད། པཎྜི་ཏ་དཱི་པཾ་ཀ་ར་ཤཱི་ཛྙཱ་ནས་མཛད་པ་རྫོགས་སོའི་མཐའ་ཅན།
༼མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས།༽ བླ་མ་དམ་པ། རྟེན་གྱི་གང་ཟག་སོགས་ནས། དཔལ་ལྡན་ཨ་ཏི་ཤའི་ལུགས་སོའི་མཐའ་ཅན།
༼མཁའ་སྤྱོད་དཀར་མོ།༽ ན་མོ་གུ་རུ་ཡང་ལུགས་གཅིག་ལ་ནས། ཁྱུང་པོ་རྣལ་འབྱོར་པའི་ལུགས་སོའི་མཐའ་ཅན།
ལུས་གསང་བྱིན་རླབས། ན་མོ་གུ་རུ་འདི་ལ་གསུམ་དུ་ནས། སྦྱོར་རྗེས་གཉིས་སྔར་དང་འདྲའོའི་མཐའ་ཅན།
དམ་ཚིག་གསོ་ཐབས་ན་མོ་ནས། བྱང་ཆུབ་ཏུ་བསྔོའི་བར།
གཏོར་ཆོག་ན་མོ་ནས། སྦྱིན་དུ་མི་རུང་ངོ་བར།
མཁའ་སྤྱོད་རིལ་བུ་སྒྲུབ་ཐབས་ན་མོ་ནས། མ་ཆད་པར་བྱའོ་སོགས་ཀྱི་བར།
འཕོ་བ་ན་མོ་ནས། ཡིན་ནོ་གསུངས་སོ། །མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་སོའི་མཐའ་ཅན།
བསྟོད་པ་རྒྱ་སྐད་ཅན། དཱི་པཾ་ཀ་ར་ཤཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ།
མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་༼ས༽སྟོང་ཉིད་སྙིང་རྗེ་ནས། བླ་མ་རཱ་ཧུ་ལའི་གདམས་པ་རྫོགས་སོའི་བར།
ལག་མཆོད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནས། དེ་སྐད་གསུངས། ཨྀཐིའི་བར།
གཞན་གྱི་གྲིབ་སེལ་ན་སོགས་ནས་ལོགས་སུ་གསལ་ལོའི་མཐའ་ཅན།
འཕོ་བ་ཡེ་ཤེས་སྐར་ཁུང་གི་ཕྱག་ལེན་འཕོ་བ་ཡེ་ཤེས་ནས། ནུས་ཚད་དུ་བསྒོམ་པར་བྱའོའི་མཐའ་ཅན།
བཁའ་སྤྱོད་དམར་མོའི་འཕོ་བ་༼ས༽ན་མོ་གུ་རུ་མཁའ་སྤྱོད་ནས། ངེས་ཤེས་བསྐྱེད་གསུངས་སོའི་མཐའ་ཅན།
མཁའ་སྤྱོད་སུམ་ཕྲུག་མཆན་ཡོད་གི་གདམས་པ་བླ་མ་ཡི་དམ་ནས། དྲན་འདུན་བཏང་ངོ་། མཁའ་སྤྱོད་གསུམ་ཕྲུག་རྫོགས་སོའི་མཐའ་ཅན་བཅས།
Deathlessness
ལྔ་པ་འབྲས་བུ་འཆི་མེད་འཆུགས་མེད་ཀྱི་སྐོར་ལ།
ལུས་འཆི་མེད་ཀྱི་རྩ་བ་འཆི་མེད་གྲུབ་པ་ཞེས་བྱ་བ་དཔལ་བིརྺ་པས་མཛད་པ་རྒྱ་སྐད་ཅན། དཔལ་དུར་ཁྲོད་པ་དང་རྨར་ལོ་ཙཱ་བས་ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བའོའི་མཐའ་ཅན།
འཆི་མེད་གྲུབ་པའི་འགྲེལ་པ་རྒྱ་སྐད་ཅན་རྒྱ་གར་ལྷོ་ཕྱོགས་ཀྱི་དུར་ཁྲོད་པ་ཀཱ་མ་རཱུ་པའམ་ཨེ་ཏེ་པའམ་རྒྱ་འགྲེལ་པ་ཞེས་ཀྱང་གྲགས་པའི་པཎྜི་ཏ་དང་རྨར་ལོ་ཙཱ་བས་ཏེ་ཏོའི་དུར་ཁྲོད་དུ་བསྒྱུར་བ།
འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ལག་ལེན་གསལ་བྱེད་ཉི་མ་ མཆན་ཡོད། བླ་མ་དམ་པའི། བདེ་ཆེན་རྒྱལ་པོ་སོགས་ནས། བཱིརྻ་སིཾ་ཧས་ལྷག་ཆད་མེད་པར་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོའི་མཐའ་ཅན།
སེམས་འཆི་མེད་ཀྱི་རྒྱ་གཞུང་མཆན་ཡོད། རྒྱ་སྐད་ཅན་གླན་ལོས་བསྒྱུར་ཅིང་ལོ་ཆེན་རིན་བཟང་གིས་གཏན་ལ་ཕབ་པ། འཆི་མེད་ཚིག་རྐང་རྫོགས་སོའི་མཐའ་ཅན།
༼སེམས་འཆི་མེད་རྡོ་རྗེའི་མགུར༽ མདོ་རྒྱུད་མན་ངག་ནས་རྗེ་བཙུན་རཏྣ་བཱི་རྱས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། ༼སེམས་འཆི་མེད་དུ་ངོ་སྤྲོད་པའི་རྡོ་རྗེའི་མགུར༽ ན་མོ་གུ་རུ། ཉིན་མར་སྣང་སྟོང་ནས། རྗེ་བཙུན་དྷརྨ་སིཾ་ཧས་མཛད་པ་རྫོགས་སོ་སོགས་ཀྱི་མཐའ་ཅན། ༼སེམས་འཆི་མེད་དུ་སྟོན་པའི་རྡོ་རྗེའི་གསུང༽ རང་གྲོལ་བདེ་ཆེན་ནས། རྗེ་བཙུན་དྷརྨ་པྲ་ཛྙཱས་མཛད་པ་རྫོགས་སོ་སོགས་ནས། བླ་མ་རྣམ་གསུམ་གྱིས་མཛད་པའི་རང་སེམས་འཆི་མེད་རང་གྲོལ་གྱི་མན་ངག་ཟབ་མོ་ཡང་དག་པ་ཨྀཐིའི་མཐའ་ཅན། ༼ཆོས་རྗེ་སྟོན་པའི་འཆི་མེད༽ རྒྱལ་བ་དུས་གསུམ་ནས། རྗེ་བཙུན་བཱིརྱ་སིཾ་ཧས་བུ་དམ་པ་སློབ་མ་ཡང་རབ་ཀྱི་དོན་དུ་བཀོད་པའང་རྫོགས་སོ་སོགས་ཀྱི་མཐའ།
མཁས་གྲུབ་ཆོས་རྗེའི་དྲུང་དུ་ནས། འདི་ཆི་བ་ལགས་གསུངས་སོ་བར།
རྡོ་སྟོན་འཆི་མེད། ན་མོ་གུ་རུ། འཁྲུལ་སྣང་འདི་ལ་ནས། ཉམས་སུ་མྱོང་བར་བྱས་པའོ་ཨྀཐིའི་མཐའ་ཅན།
རང་སེམས་འཆི་མེད་རང་གྲོལ་གྱི་ཁྲིད་ཡིག་བླ་མ་དང་ཡི་དམ་སོགས་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པའོ། །སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག་གི་མཐའ་ཅན་བཅས་སོ།
Complement
།གཉིས་པ་གསལ་བྱེད་ལྷན་ཐབས་སུ་སྦྱར་བ་མཐའ་ཀླས་པ་ལས། རང་སྐལ་དུ་ནོད་པ་ནི་སྨིན་གྲོལ་གཉིས་ལས།
The initiations
ཐོག་མར་སྨིན་བྱེད་དབང་སྒྲིགས་ཀྱི་སྐོར་ལ།
བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་དང་དཀྱིལ་ཆོག་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པ།
རྒྱུད་སྡེ་ལྔའི་ཚོགས་མཆོད་གྲོལ་མཆོག་ཞལ་ལུང་རྨོག་ལྕོགས་པ་ཀུན་དགའ་ལྷུན་གྲུབ་ཀྱིས་བསྒྲིགས་པ།
བདེ་མཆོག་ལྷ་ལྔ༼ས༽འི་བྱིན་རླབས་དབང་བཞི་ལུས་བསྒྲིགས་གོ་བདེ་བཀླག་ཆོག་ཏུ་བཀོད་པ།
ནི་གུ་ཆོས་དྲུག་གི་སྒོས་བཀའ་༼ས༽སོ་སོའི་ཕྱག་ལེན་བཀླག་ཆོག་གསལ་བའི་མེ་ལོང་།
ཕྱག་རྒྱ་ཆེན་པོ་གྭའུ་མའི་དབང་བསྐུར༼ས༽།
མཁའ་སྤྱོད་དཀར་མོ་དང་སུམ་ཕྲུག་གི་བྱིན་རླབས༼ས༽།
ལུས་སེམས་འཆི་མེད་ཀྱི་བཀའ་༼ས༽བཅས་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པ།
ལམ་ཁྱེར་གསུམ་དང་ལུས་སེམས་འཆི་མེད་ཀྱི་བཀའ་༼ས༽ཡིག་རྙིང་ལ་ཚིག་སྣ་བསབ་པ།
ཟབ་ལམ་ནི་གུ་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་མྱུ་གུའི་ཕྲེང་བ་ཞྭ་ལུ་རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་ཞབས་ཀྱིས་མཛད་པ།
ཆོས་དྲུག་གི་དབང་ཆོག་བདེ་ཆེན་བདུད་རྩིའི་རོལ་མཚོ་གྲུབ་དབང་བླ་མ་གཞན་ཕན་འོད་ཟེར་གྱིས་མཛད་པ། སྔོན་འགྲོའི་ལྷན་ཐབས་བྱང་བཅས།
The instructions
གཉིས་པ་གྲོལ་བྱེད་གདམས་ཁྲིད་ཀྱི་ཡི་གེ།
གྲུབ་ཆེན་རིན་པོ་ཆེ་ཐང་སྟོང་རྒྱལ་པོའམ་ལུང་སྟོང་སྨྱོན་པས་མཛད་པའི་ཆོས་དྲུག་གི་ཁྲིད་ཡིག་སྙིང་པོ་ཀུན་བཏུས༼ས༽། ཕྱག་རྒྱ་ཆེན་པོ་གྭའུ་མའི་ཁྲིད་ཡིག༼ས༽། ལམ་ཁྱེར་རྣམ་གསུམ་གྱི་ཁྲིད༼ས༽། ལུས་སེམས་འཆི་མེད་ཀྱི་ཁྲིད་༼ས༽བཅས།
ནི་གུ་ཆོས་དྲུག་གདན་ཐོག་གཅིག་མ་ངག་ཆོས་པས་མཛད་སོ༼ས༽།
།ཆོས་དྲུག་གི་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་གྲོལ་བའི་དཔལ་སྟེར་ཞེས་བྱ་བ་དང་།
མཁའ་སྤྱོད་དཀར་མོའི་འཕོ་ཁྲིད་༼ས༽བཅས་ལོ་ཆེན་འགྱུར་མེད་བདེ་ཆེན་གྱེས་མཛད་པ།
ཟབ་ལམ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་རྒྱས་པ་ཟབ་དོན་ཐང་མར་བརྡལ་པ་བཀླག་ཆོག་ཏུ་བཀོད་པ། འབྲིང་པོ་དམིགས་རྐང་བཅུ་བདུན་མར་གྲགས་པ། བསྡུས་པ་སྟན་ཐོག་གཅིག་མ། གཞུང་ཁྲིད་མ་མོའི་ལྷན་ཐབས། ཕྱག་ཆེན་གྭའུ་མ་རང་བབས་རྣམ་གསུམ་གྱི་ཁྲིད་ཤར་ཀོང་པོའི་ཡུལ་གྱི་བཤེས་གཉེན་མཁྱེན་རབ་ཅེས་བྱ་བ་ལ་གདམས་པ་བཅས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པ།
ཕྱག་རྒྱ་ཆེན་པོ་གྭའུ་མའི་ཁྲིད་ཡིག་འདར་གྲོང་ཆེན་མཁན་པོ་བྱམས་པ་ངག་དབང་རྣམ་རྒྱལ་གྱིས་མཛད་པ་བཅས།
དེ་དག་གི་ཡན་ལག་གསོལ་འདེབས་ཀྱི་སྐོར་ལ།
ནི་གུའི་བླ་མ་བརྒྱུད་པའི་གསོལ་འདེབས་༼ས༽གནས་སྦྱར་མར་གྲགས་པ་ཐང་རྒྱལ་ནས་བརྒྱུད་པ་ཚར་ལུགས་ཀྱི་ཁ་འགེངས་ཅན་སྟོད་ཆ་རྩ་བ་རྨོག་ལྕོག་པས་མཛད་པར་གྲགས།
བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞིང་སྦྱར་མ་ཇོ་ལུགས་ཀྱི་ཁ་བསྐང་ཅན།
བརྒྱུད་པའི་གསོལ་འདེབས་ཨེ་ཡིག་ཆོས་འབྱུང་གནས་རྙིང་པ་ཨའི་སེང་གེས་མཛད་པ་རྒྱ་སྒོམ་ཡན་ཆད་ཁ་བསྐངས་ཅན།
བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བདེ་ཆེན་ལྷུན་གྲུབ་ཚར་ཆེན་རིན་པོ་ཆེས་མཛད་པ།
བརྒྱུད་འདེབས་བྱིན་རླབས་ཆར་འབེབས་༼ས༽ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་མཛད་པ། ནི་གུའི་གསོལ་འདེབས་དེས་མཛད་པ།
ཤངས་ཆོས་བརྒྱུད་པ་གསུམ་འདུས་ཀྱི་གསོལ་འདེབས་༼ས༽བྱ་བྲལ་བ་ངག་དབང་བསོད་ནམས་ཀྱིས་མཛད་པ་བཅས་ལེགས་པར་བཀའ་དྲིན་དུ་ནོས་ཏེ་དེ་དག་གིས་ནི་གུའི་ཆོས་སྐོར་རེ་ཞིག་རྫོགས་སོ།
Sukhasiddhi
།ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷིའི་ཆོས་སྐོར་ལ།
མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡིག་ཆའི་ཐོག་ནས་བྱིན་རླབས་ཀྱི་བཀའ་དང་། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་ལས་སུ་ཁ་ཆོས་དྲུག་གི་ཁྲིད་ཞིབ་པར་སྩལ་ནས།
ལུང་གི་སྐོར་ལ།
སུ་ཁ་སིདྡྷིའི་ལོ་རྒྱུས་རྒྱ་སྐད་ཅན། གསང་ལ་སྒྲུབ་ཅིག་གསུངས་སོའི་མཐའ་ཅན།
སུ་ཁའི་གསང་སྒྲུབ་རྒྱ་གཞུང་རྒྱ་སྐད་ཅན་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོའི་བཐའ་ཅན།
གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། ཐུགས་ནི་འོད་གསལ་ནས། གནད་ཀྱི་གསང་སྒྲུབ་རྫོགས་སོའི་བཐའ་ཅན་སངས་རྒྱས་གཉན་སྟོན་གྱིས་མཛད་པ།
སུ་ཁའི་དབང་ཆོག་ན་མོ་གུ་རུ། གཞན་ལ་བྱིན་རླབས་ནས། དབང་གི་ཟིན་བྲིས་རྫོགས་སོའི་མཐའ་ཅན། ན་མོ་གུ་རུ་ལྟེ་བའི་འོག་ཏུ་ཆོས་འབྱུང་ནས། གསང་ངོ་ཨྀཐི། རང་ངོ་བོ་བདེ་མཆོག་ནས། ཕྱག་རྒྱ་ཆེན་པོ་བསྒོམ་ཨྀཐི། ན་མོ་གུ་རུ་རང་སྐད་ཅིག་གིས་བདེ་མཆོག་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོའི་མཐའ་ཅན།
ཞལ་གདམས་ཀྱི་སྐོར་ལས། ཐོག་མར་དབང་བཞིའི་ཞལ་གདམས་ན་མོ་གུ་རུགསང་སྒྲུབ་ལྟེ་བ་ནས། མངོན་འཚང་རྒྱ་ཨྀཐི། ངོ་སྤྲོད་ཞལ་གདམས་མཆན་ཡོད་བླ་མ་དམ་པ་ནས། སྣང་བ་དབང་དུ་འདུའོ། །གསང་སྒྲུབ་ཞལ་གདམས་རྫོགས་སོའི་བར། སྒྲུབ་པའི་ཞལ་གདམས་བླ་མ་དམ་པའི་ནས། སུ་ཁ་སིདྡྷི་ནས་བརྒྱུད་པའོ་བར། ལྟེ་བ་སྤྲུལ་འཁོར་བླ་མ་དམ་པའི་ནས། མི་འབྱུང་མི་སྲིད་པའི་ཞལ་གདམས་སོ། །ཉེར་སྒྲུབ་ཀྱི་སྐབས་སུ་ནས། བདེ་བ་དེ་རང་ལ་བསྡུའོ་ཨྀཐིའི་བར། མཁའ་འགྲོ་སུ་ཁ་སིདྡྷིས་གཉན་སྟོན་དྷརྨ་པྲ་ཛྙཱ་ལ་གདམས་པ་མཆན་ཡོད་གཟེར་གསུམ་གྱི་མན་ངག་གུ་རུ་རཏྣ་ཙཀྲ་ནས། བཀའ་རྒྱ་ཡོད་ཨྀཐིའི་མཐའ་ཅན།
སུ་ཁ་སིདྡྷིའི་ཆོས་དྲུག་གུ་རུ་བཛྲ་ཡོ་གི་ནཱི་ནས་བཟོད་པར་གསོལ་གྱི་མཐའ་ཅན།
ངག་ཆོས་པའི་དབང་ཆོག༼ས༽།
ཁྲིད་བརྒྱ་ལས་བརྒྱུད་འདེབས་བཅས་བཀའ་དྲིན་དུ་བསྩལ།
རཱ་ཧུ་ལའི་ཆོས་སྐོར་འོག་ཏུ་འབྱུང་ཞིང་།
Miscellaneous instructions
ཞར་བྱུང་ཐོར་བུའི་སྐོར་ལ་
གསང་སྒྲུབ་སྐོར་གསུམ་དུ་གྲགས་པ་བདེ་མཆོག་གསང་སྒྲུབ། ཕྱག་རྡོར་གསང་སྒྲུབ། རྣམ་འཇོམས་གསང་སྒྲུབ་༼ས༽བཅས་ཀྱི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་ལྟར་ནོས།
ལུང་ལ་བདེ་མཆོག་གསང་སྒྲུབ་ནི་གུ་མས་མཛད་པ་རྒྱ་སྐད་ཅན། གའུར་བཅངས་ཏེ་ལུས་དང་མ་བྲལ་བར་བྱས་སོའི་མཐའ་ཅན།
རྣམ་འཇོམས་གསང་སྒྲུབ་གུ་རུ་དེ་བ་ཌཱ་ཀི་ནས། ཆོས་རྗེ་སངས་རྒྱས་སྟོན་པའི་གསུང་བཞིན་བྲིས་པའོ། ན་མོ་གུ་རུ་རྗེའི་ཞལ་སྔ་ནས་སོགས་ནས། ཁྲུས་ཆུའི་གདམས་པ་ཤིན་ཏུ་ཟབ་པ་ཡིན་ཨྀཐིའི་བར། ངག་ཆོས་པའི་བྱིན་རླབས་༼ས༽ཡིག་ཆ་བཅས།
དབོན་སྟོན་སྐྱེར་སྒང་པ་ལ་བཀའ་བབ་པའི་ཐུགས་རྗེ་ཆེན་པོའི་གསང་སྒྲུབ་དང་། རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པས་གསང་སྒྲུབ་སྐོར་ལྔར་གྲགས་ཏེ་དེ་དག་གི་བྱིན་རླབས་དང་། ཆོས་ཚན་གྱི་ལུང་ནི་གསེར་བོད་ཀྱི་ཐོབ་ཡིག་ལས་ཤེས་པར་བྱའོ།
ལྷ་བཞི་དྲིལ་སྒྲུབ་གྱི་བྱིན་རླབས་དང་ཉམས་ཁྲིད་མཁན་ངག་ཆོས་ཡིག་ཆ་ལྟར་ནོས་ཤིང་། ལུང་ནི་ལྷ་བཞིའི་ལོ་རྒྱུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཨེ་ལ་ནས། འཕུར་ནས་བཞུད་དོའི་མཐའ་ཅན།
ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་དང་ཉམས་སུ་བླང་ཚུལ་མཁན་ཆེན་ངག་ཆོས་ནས་མཛད་པ་བཅས།
གཞན་ཡང་བདེ་མཆོག་དབུ་མ་ཡིག་བདུན་གྱི་མན་ངག །དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །སྐྱི་བོ་དུ་སོགས་ནས། བསྡུས་པ་ཡིན་གསུངས་སོ། །ཡང་། ན་མོ་གུ་རུ། བདེ་མཆོག་བདེ་བ་ལས་སོགས་ནས། མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག་གི་མཐའ་ཅན།
བླ་མ་ཤངས་པའི་རླུང་གི་སྐོར་ལས། ཞང་ཞུང་པའི་རླུང་ཤིང་རྟ་ཅན༼ཏཱ༽། བླ་མ་དམ་པ། དང་པོ་རྗེ་བཙུན་བྷི་ཏ་སོགས་ནས། མཆན་ཡོད། ཤངས་པ་སྦུ་གུ་པའི་གདམས་པ་རྫོགས་སོའི་མཐའ་ཅན། ཡང་ཞང་ཞུང་པའི་རླུང་ཤིང་རྟ་ཅན༼ཏཱ༽། བླ་མ་དམ་པའི། མན་ངག་རིམ་པ་སོགས་ནས། ལེགས་པར་བྲིས་པའོ་རྫོགས་སོ། །ལྟ་བ་མ་བཅོས་ནས། མ་ཡེངས་པའོའི་མཐའ་ཅན། ཞང་ཞུང་གི་རླུང་བུམ་པ་ཅན། བླ་མ་དམ་པ། ཐབས་ལམ་ཟབ་དོན་སོགས་ནས། གད་མས་པ་རྫོགས་སོའི་མཐའ་ཅན། ན་མོ་གུ་རུ་དམིགས་རྟེན་བུམ་པ་༼ཏཱ༽ནས། བུམ་པ་ཅན་གྱི་ཞལ་གདམས་སོའི་མཐའ་ཅན། ན་མོ་གུ་རུ་སེམས་བསྐྱེད་༼ཏཱ༽ནས། ཁོང་སྟོང་གི་སྦྱོར་བ་ཞེས་བྱའོའི་མཐའ་ཅན། ན་མོ་གུ་རུ་སྔོན་འགྲོ་༼ཏཱ༽ནས། བླ་མ་རཱ་ཧུ་ལའི་གདམས་ངག་ཨྀཐིའི་མཐའ་ཅན། བླ་མ་ཞང་ཞུང་པའི་རླུང་ཕྱག་རྒྱ་བཅིངས་གྲོལ༼ཏཱ༽། འཁོར་ལོ་བཅིངས་གྲོལ་གྱི་གདམས་ངག་སོགས་ནས། མི་འཆོར་གསུངས་སོ་ཨྀཐི། གསང་སྔགས་ཐབས་སོགས་ཀྱི་མཐའ་ཅན།
དམིགས་པ་རིན་ཆེན་སྒྲོམ་བུའི་བཀའ། ན་མོ་གུ་རུ་རྫེས་སུ་ཡི་རང་བའི་དབང་ནས། ཨའི་སེང་གེས་བཀོད་པའོའི་མཐའ་ཅན།
རིན་ཆེན་སྒྲོམ་བུ་ན་མོ་གུ་རུ། ཉེས་པའི་དགྲ་བཅོམ་ནས། རིན་ཆེན་སྒྲོམ་བུ་རྫོགས་སོའི་མཐའ་ཅན། བླ་མ་དམ་པ། བདག་ཉིད་ཀྱིས་དུས་གསུམ་དུ་ནས། མཆན་ཡོད། བླ་མ་སྐྱེར་སྒང་པའི་གསུང་སྒྲོས་ཇི་ལྟ་བ་བཞིན་ཡི་གེར་བཀོད་པ་སོགས་ཀྱི་མཐའ་ཅན།
སྐུ་གསུམ་ལམ་ཁྱེར་རྒྱ་སྐད་ཅན། བདེ་ཆེན་ལྷུན་གྲུབ་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཟླ་བ་གསུམ་གྱི་བར་དུ་ཉམས་སུ་མྱོང་བར་བྱས་པའོ། ཨྀཐིའི་མཐའཅན།
སྐུ་གསུམ་གནས་ལུགས་བདེ་ཆེན་ལྷུན་གྲུབ་ནས། སངས་མི་རྒྱ་མི་སྲིད་དོ་ཞེས་པའི་མཐའ་ཅན།
ཕྱག་རྒྱ་ཆེན་པོ་རྟོགས་མི་རྟོགས་ན་མོ་གུ་རུ། ཐབས་མཁས་ཐུགས་རྗེ་ནས། སྔགས་འཆང་དྷྭ་ཛ་ལཀྵས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་རྣམ་རྟོག་དང་ཆོས་སྐུའི་བར་ན་སོགས་ནས། རིང་བའི་འདུ་ཤེས་མི་བྱ་ཞེས་གསུང་སོའི་མཐའ་ཅན།
གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་རྒྱུན་གྱི་ཉམས་ལེན་དྲུག་བ། མཆན་ཡོད། ཡོན་ཏན་རབ་རྫོགས་ནས། སངས་རྒྱས་སྟོན་པའི་གསུང་བཞིན་དུ་བཀོད་པའོ་ཨྀཐིའི་མཐའ་ཅན།
ཁྱུང་པོའི་མགུར་བརྒྱད་རྩ་བ་༼ཏཱ༽ན་མོ་གུ་རུ། གྲུབ་ཐོབ་ཆེན་པོ་རཱ་ཧུ་ལའི་གདམས་པ་སོགས་ནས། ཚོགས་གྲལ་དུ་གསུངས་པའོའི་བར། འགྲེལ་པ་དེ་ལ་དང་པོ་ཐིམ་པ་རྣམ་གསུམ་ནས། མགུར་བརྒྱད་གདམས་པ་རྫོགས་སོའི་མཐའ་ཅན།
ཤངས་པའི་ཚེ་སྒྲུབ་ན་མོ་གུ་རུ་མགོན་པོ་ཚེ་དཔག་མེད་བསྒྲུབ་པར་འདོད་པས་ནས། སྦུབས་སུ་ནུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདེ་ཆེན་ནས། འོད་རིག་ལ་སྦྱར་བར་བྱའོ་སོགས་ཀྱི་བཐའ་ཅན།
གཞན་དོན་ཕུན་སུམ་ཚོགས་པའི་རྟེན་འབྲེལ། བླ་མ་དམ་པ་ནས། གཞན་དོན་མི་འབྱུང་མི་སྲིད་དོ་གསུངས་སོ་སོགས་ཀྱི་མཐའ་ཅན།
རབ་གནས་བཀའ་རྒྱ་མ་སངས་རྒྱས་ལ་ཕྱག་འཚལ་ལོ་ནས། ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ་སོགས་ཀྱི་བཐའ་ཅན།
རབ་གནས་བཀའ་རྒྱ་མའི་ཞལ་གདམས། ན་མོ་གུ་རུ་བཛྲ་ཏཱ་ར་ནས། ཟབ་པས་གསང་བར་བྱའོ་སོགས་ཀྱི་མཐའ་ཅན།
མཎྜལ་བཀའ་རྒྱ་མ་༼ས༽བཀོད་པ་ཤིན་ཏུ་ནས། སྩལ་དུ་གསོལ་བར།
བཀྲ་ཤིས་བཀའ་རྒྱ་མ་༼ས༽ༀ་ཡོན་ཏན་རབ་རྫོགས་ནས། མཆོག་གི་བཀྲ་ཤིས་ཤོག་གི་མཐའ་ཅན།
སྨོན་ལམ་བཀའ་རྒྱ་མ་༼ས༽རྒྱ་སྐད་ཅན། ཕྱོགས་བཅུ་དུས་གསུམ་ནས། འཕགས་པ་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོའི་མཐའ་ཅན་བཅས་ཀྱིས་རེ་ཞིག་གྲུབ་བོ།
།གཞན་ཡང་བོ་དོང་ཀུན་མཁྱེན་འཇིགས་བྲལ་ཆེན་པོ་ལ་དག་སྣང་དུ་བབ་པའི་ཡེ་ཤེས་མཁའ་འགྲོ་ནི་གུ་མ་དང་། སུ་ཁ་སིདྡྷིའི་ཆེའི་དབང་བསྐུར་བ་ཟབ་ཁྱད་ཅན། བོ་དོང་པདྨ་གར་དབང་གིས་བསྒྲིགས་པའི་གཏོར་རྒྱུན་བརྒྱ་རྩ་ལས་ཁོལ་དུ་ཕྱུང་བ་ཀུན་མཁྱེན་བླ་ལ་ཉིད་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་བསྩལ་ཞིང་ཡིག་ཆ་དེའི་ལུང་ཡང་ནོས།
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞལ་དཀར་ལྷ་གདོང་དུ་ལོ་གསུམ་གྱི་བཅད་རྒྱར་བཞུགས་པའི་ཚེ་རྡོ་རྗེ་འཆང་ཆེན་པོས་དངོས་སུ་བསྩལ་བའི་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་འཕོ་བ་ཐར་པའི་སྒོ་འབྱེད་ཀྱི་སྒོམ་ལུང་ལྕགས་ཟམ་དབོན་སྒེར་པ་རྗེ་དྲུང་ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱི་ཡིག་ཆ་ལྟར་སྩལ་ཞིང་། ཡིག་རྙིང་གྲུབ་ཆེན་གསུང་ཟིན་བྲིས་སུ་བྱས་པ། སྒོམ་ལུང་ཡིག་ཆའི་ལུང་ཡང་ནོས་སོ།
Rahula
།གྲུབ་ཆེན་རཱ་ཧུ་ལ་གུཔྟའི་ཆོས་སྐོར་ནི།
ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐོར་ཏེ་དེ་ལའང་ཆོས་ཀྱི་སྡེ་རྣམ་པར་དབྱེ་བ་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་ཀྱང་། ད་ལྟ་རྒྱུན་བཞུགས་པ་སྨིན་བྱེད་ཀྱི་སྐོར་ལ་མགོན་པོའི་བཀའ་ཆེན་བཅུ་གསུམ་དུ་གྲགས་པ་རྗེས་འབྱངས་དང་བཅས་པ། གཞུང་གི་ལུང་བེ་བུམ་གསར་རྙིང་གི་སྐོར་རྣམས་ཏེ། དེ་ལ་ཀུན་གྱི་རྩ་བར་གྱུར་པ་བཀའ་ཆེན་
དང་པོ་རྗེས་གནང་བར་ཆད་ཀུན་སེལ། གཉིས་པ་མགོན་དཀར་ཡིད་བཞིན་ནོར་བུ། གསུམ་པ་མགོན་སེར་ཞལ་གསུམ་ཕྱག་དྲུག །བཞི་པ་མགོན་དམར་དབང་གི་རྒྱལ་པོ། ལྔ་པ་མགོན་ལྗང་ཆེའི་བདག་པོ་བཅས་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་བྱུང་བ་ལྟར་དང་། བླ་མགོན་དབྱེར་མེད། གྲིབ་སེལ། བཁའ་འགྲོ་དབང་སྡུད་དམ་གནད་དབབ། གསང་སྒྲུབ་མཆིན་ཁ། ས་ར་ཧ་པའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག །གསང་སྒྲུབ་རྒྱན་ཅན། ལྷ་བཞི་དྲིལ་སྒྲུབ། མཐའ་རྟེན་བརྟུལ་ཞུགས་ཀྱི་རྗེས་གནང་། ཟུར་དུ་གབ་པ་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་བཅས་སྐྱི་ཤོད་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས་ཀྱི་ཡིག་ཆ་ལྟར་དང་། ཞིང་སྐྱོང་ཀྵེ་ཏྲ་པཱ་ལ་ཡབ་ཡུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་རྣམས་ནོས། དེ་ལས་རྗེས་གནང་བར་ཆད་ཀུན་སེལ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆ་དང་། མགོན་དཀར་ཞུ་ཆེན་པའི་ཡིག་ཆ་ལས་ཀྱང་ནོས་ཤིང་། གྲུབ་ཆེན་ཐང་རྒྱལ་གྱི་ཡིག་ཆ་ལས་བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད། ཡེ་ཤེས་བསྟན་པའི་སྒྲོན་མེའི་ཡིག་ཆ་ལས་སྙིང་ཞུགས་ཀྱི་དམིགས་ཁྲིད་རྣམས་ལེགས་པར་ཐོབ།
ལུང་ལ་དྲག་པོ་མཐུ་སྒྲུབ་གཙོ་བོར་གྱུར་པ་མཐིང་གའི་སྐོར་དང་། ཞི་བ་ནོར་སྒྲུབ་གཙོ་བོར་གྱུར་པ་མགོན་དཀར་གྱི་སྐོར་གཉིས།
དང་པོ་ལའང་། བེ་བུམ་གསར་རྙིང་གཉིས་སུ་གྲགས་པའི་ཐོག་མ་བེ་བུམ་རྙིང་མ་སྟོད་ལུགས་ཀྱི་སྐོར་ལ།
Ancient Bebum
ཀུ། བེ་བུམ་གྱི་དཀར་ཆག
ཁུ། མགོན་པོ་ཕྱག་དྲུག་པའི་ལོ་རྒྱུས། རྒྱ་གཞུང་ཤ་བ་རི་པས་མཛད་པ།མཆན་ཡོད། ཕྱིར་ཟློག །གཏོར་དབང་། མཁོན་གྲིབ་སྦྱོང་བ། རྨི་ལམ་ཟློག་པ། མཚན་དོན་བརྒྱ་རྩའི་བསྟོད་པ་ཤ་བ་རི་པས་མཛད་པ། མཁའ་འགྲོ་འབུམ་བསྐུལ་དྷ་ན་སཾ་སྐྲྀ་ཏས་མཛད་པ། ཞིང་སྐྱོང་ནག་པོ་ཆེན་པོ་སྒྲུབ་ཡིག་རཱ་ཧུ་ལའི་གདམས་སྐོར། སྐུའི་སྒོ་ནས་གཟི་མདངས་བསྐྱེད་པ། གཏོར་ཆེན་གྱི་ཞལ་གདམས༼ཀ༽། མཚོན་ཆ་འཁོར་ལོའི་བྱིན་རླབས། སྤོས་སྦྱོར་མན་ངག །མགོན་པོ་མངོན་འབྱུང་གི་རྒྱུད་རྒྱས་པ་ནས་ཕྱུང་པ་ཕྱོགས་བཅུ་མགོན་པོའི་བསྐུལ། གཙང་རིས་མགོན་པོའི་བསྐུལ། གཏོར་ཆུང་བསྟབ་པའི་མན་ངག །ཕྱག་བཤགས་རྡོ་རྗེ་གསལ་བའི་སྒྲོན་མེའམ་ཉི་མ༼ཀ༽འི་སྙིང་པོ། ནག་པོ་ཆེན་པོའི་མངའ་གསོལ་ཤ་བ་རི་པས་མཛད་པ། བླ་མ་རཱ་ཧུ་ལའི་གདམས་པ་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ། ཕྱི་ནང་གསང་རྟེན་གྱི་མན་ངག །དབང་བཞི་ལུས་བསྒྲིགས། ཞི་བའི་སྦྱིན་སྲེག་ཇོ་སྲས་མར་གྲགས་པ་བླ་མ་དམ་པ་རིན་ཆེན་རྒྱལ་མཚན་གྱི་གསུང་བཞིན་བྲིས་པ་རྫོགས་སོའི་མཐའ་ཅན། དྲག་པོའི་སྦྱིན་སྲེག་ནང་གསེས་ཚན་གསུམ་མཆན་ཡོད། གསང་བ་ལས་དྲུག་གི་སྒྲུབ་ཐབས། གསང་བ་ལས་དྲུག་གི་ཞལ་གདམས། བསྐང་མདོས་ཤ་བ་རི་པས་མཛད་པ། དེའི་བརྗེད་བྱང་རབ་ལྡན་༼ཀ༽རིན་ཆེན་གྱིས་མཛད་པ། འཁོར་བཀའ་ཉན་གསུང་སྒྲུབ་བཞིའི་སྒྲུབ་ཐབས་མཆན་ཡོད། ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་རི་ཁྲོད་དབང་ཕྱུག་གིས་མཛད་པ། བླ་མ་མཻ་ཏྲི་པའི་ལུགས་༼ཀ༽ཀྱི་ལྷ་མོའིསྲོག་སྒྲུབ། འཁོར་སྤྱིའི་བཀའ་ཡིག །བསད་གསོ་གཉིས་ཀྱི་བཀའ་ཡིག་ཁོག་འབུབ། ལག་ལེན་མཐར་ཐུག་གནད་བདུན་ཞལ་གདམས། སྨྱོ་འབོགས་བྱད་ཟོར་ཟློག་པ་ཆོམ་རྐུན་ཇག་ཆིངས་སོགས་ཀྱི་ཞལ་གདམས། ཤ་བ་རི་དབང་ཕྱུག་གིས་མཛད་པའི་བྱིན་རླབས་ནག་པོའི་སྒྲུབ་ཐབས་གསོ་བའི་ལས་མཐའ་ཅན། དབང་གི་རྒྱལ་པོ་དམར་པོའི་སྒྲུབ་ཐབས། བྱིན་རླབས་རྗེས་གནང་བཀའ་ཡིག་མཆན་ཡོད། བྲིས་སྐུའི་བཞེངས་ཐབས༼ཀ༽། ཕྱག་དྲུག་མགོན་པོ་མཆིན་ཁའི་སྒྲུབ་ཐབས། སིནྡྷུ་རའི་དབང་སྡུད་ཀྱི་གནད་ཡིག །གནད་དབབ། ལྟ་སྒོམ་སྤྱོད་གསུམ། བསྟོད་པ་དཔལ་ལྡན་མགོན་པོ༼ཀ༽། ལས་སྦྱོར་དྲུག་གི་གནད་ཡིག༼ཀ༽། སྲུང་འཁོར་བཀའ་རྒྱ་མ། རབ་གནས་བཀའ་རྒྱ་མ། བཀྲ་ཤིས་བཀའ་རྒྱ་མ། རབ་གནས་ཀྱི་ཞལ་གདམས་བཀའ་རྒྱ་མ།
བཅོམ་ལྡན་འདས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་མཆན་ཡོད། མགོན་པོ་གསང་སྒྲུབ་ཀྱི་བཀའ། ཡིད་བཞིན་ནོར་བུའི་བསྟོད་པ་བརྩོན་རྒྱལ་གྱིས་མཛད་པ༼ཀ༽། ཡིད་བཞིན་འཁོར་ལོའི་བཀའ་ཡིག །རབ་གནས་བཀའ་རྒྱ་མ་གནས་རྙིང་པ་ཨའི་སེང་གེས་བཀོད་པ། དེའི་ཞལ་གདམས༼ཀ༽། བླ་མའི་སྐུ་འཕག་རབ་གནས༼ཀ༽། དེའི་ཞལ་གདམས༼ཀ༽། མགོན་དཀར་གྱི་དཀྱིལ་འཁོར་༼ཀ༽དཔེའུ་རིས་བཅས། མགོན་དཀར་གྱི་སྐོར་འོག་ཏུ་འབྱུང་ཡང་འདིར་བེ་བུམ་གྱི་དཀྱུས་ལ་འཁོད་པ་པུང་རྒྱུན་སྟབས་གཅིག་ཏུ་འབྱུང་བས་བྲིས་སོ།
གུ། མགོན་པོའི་གནས་ཡིག་རང་རྒྱུད་སྦྱོང་ཐབས།
ངུ་། སྒྲུབ་ཆེན་ཆོས་འབྱུང་རིན་ཆེན་གྱིས་མཛད་༼ཨ༽པའི་ལེགས་ལྡན་ཕྱག་དྲུག་པའི་སྒྲུབ་མཆོད་རིན་ཆེན་ཕྲེང་བ།
ཅུ། ཐུན་མོང་མ་ཡིན་པ་སྣ་ཚོགས་མཁའ་འགྲོའི་ཕྲིན་ལས་སྒྲུབ་ཐབས་མཆན་ཡོད།
ཆུ། སྣ་ཚོགས་མཁའ་འགྲོའི་ནས་ཚེ་དབང་བསྐུར་བ།
ཇུ། དུར་ཁྲོད་གསང་མཆོག་༼ཨ༽གི་སྒྲུབ་ཐབས།
ཉུ། རྡོ་རྗེ་ནག་པོ་ཆེན་པོའི་དབང་༼ཨ༽གི་ཆོ་ག །ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི་དབང་བསྐུར་༼ཨ༽རྗེས་གནང་།
ཏུ། རྟོ་རྗེ་ནག་པོ་ཆེན་པོའི་ཞལ་སྔ་ནས་གསུངས་པའི་འོད་ཟེར་ཆེན་པོའི་དབང་༼ཨ༽གི་ཆོ་ག
ཐུ། རྒྱན་ཅན་མགོན་པོའི་ཕྱི་དུར་ཁྲོད་ལམ་ཁྱེར་གྱི་མན་ངག༼ཨ༽།
དུ། རྒྱན་ཅན་གྱི་ནང་དུར་ཁྲོད་ལམ་ཁྱེར་གྱི་མན་ངག
ནུ། དུར་ཁྲོད་གསང་བ་མཆོག་གི་སྒྲུབ་ཐབས།
པུ། རྒྱན་ཅན་མགོན་པོའི་འཁྲུལ་འཁོར་གྱི་དཀའ་འགྲེལ།
ཕུ། བླ་མ་རྡོ་རྗེ་ནག་པོ་ཆེན་པོའི་རྒྱན་སྒྲུབ་ཀྱི་མན་ངག་བཅས་ཏེ།
དེ་དག་ལས་༼ཀ༽འི་རྟགས་ཅན་རྣམས་ནི་དཀར་ཆག་ཏུ་མི་གསལ་ཡང་། དཀྱུས་ལ་ཆུག་པས་ལུང་རྒྱུན་བར་མ་ཆད་པར་བཀླག་པའི་སྲོལ་ཡོད་འདུག་པ་དང་། ༼ཨ༽འི་རྟགས་ཅན་རྣམས་ནི་སྐབས་འདིར་དཔེ་ལུང་གཉིས་ཀ་མ་འབྱོར་ཡང་སླན་ཆད་བཙལ་ལོ། །གོང་དུ་སྨོས་པའི་རྗེས་གནང་དང་ཁྲིད་ཀྱི་ཡིག་ཆ་རྣམས་ཀྱི་འབྲུ་ལུང་ཡང་ལེགས་པར་ནོས་སོ།
Modern Bebum
།བེ་བུམ་གསར་མ་སྨད་ལུགས་སུ་གྲགས་པའི་སྐོར་ལ།
ཀ རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་མཐར་བྱེད་རྟའི་རྒྱལ་པོ་ལ་ཞུས་པའི་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ།
ཁ ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མཻ་ཏྲི་པས་ཁྱུངཔོ་རྣལ་འབྱོར་ལ་གསུངས་པ།
ག རང་བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་དཔལ་ཤ་བ་རིས་བཛད་པ།
ང ཡེ་ཤེས་མགོན་པོའི་བསྟོད་པ་རྒྱ་སྐད་མ།
ཅ བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་འདི་ཉམས་སུ་ལེན་ཚུལ་དཔལ་ཕྱག་དྲུག་པའི་མངོན་པ་རྟོགས་པ་རྒྱས་པ།
ཆ ལག་ཏུ་ལེན་པའི་མན་ངག་མངོན་པར་རྟོགས་པ་སྒྲུབ་པའི་ཐབས་འབྲིང་པོ།
ཇ རྣམ་པ་གཅིག་ཏུ་མངོན་པར་རྟོགས་པ་བསྡུས་པ།
ཉ སྲོག་སྔགས་དང་ཤཱ་ས་ནའི་སྔགས་དོན་བཤད་པ།
ཏ བླ་མ་བརྒྱུད་པའི་ལོ་རྒྱུས་ཉུང་ངུ་།
ཐ གཏོར་མ་འབུལ་ལུགས་བསྙེན་པའི་ཚུས་དུ་སྒྲུབ་པ།
ད དཔལ་ཡེ་ཤེས་མགོན་པོའི་གཏོར་སྒྲུབ།
ན གཏོར་ཆེན་གྱི་ཞལ་གདམས།
པ བསྙེན་སྒྲུབ་ལས་གསུམ་གྱི་མན་ངག
ཕ རང་ཉིད་ལ་དབང་དམིགས་པས་ལེན་པ་དང་གཞན་ལ་གཏོར་དབང་བྱ་བ།
བ ཡེ་ཤེས་མགོན་པོའི་སློབ་མ་རྗེས་འཛིན།
མ དཔལ་ཡེ་ཤེས་མགོན་པོའི་རྗེས་གནང་གི་ཟུར་འདེབས།
ཙ རང་ལ་དབང་བླངས་པའི་གནད་ཆོག་ཁྱད་འཕགས།
ཚ མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཟུར་འདེབས།
ཛ སྒྲིབ་སེལ་ཁྱད་པར་ཅན་གྱི་མན་ངག
ཝ སྒྲིབ་སེལ་གྱི་དབང་བཀའི་ཐོ་ཡིག
ཞ བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པ་མགོན་པོས་ཤ་བ་རི་པ་ལ་ལན་གསུམ་གསུངས་ནས་བཀའ་རྒྱས་བཏབ་པ།
ཟ བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་རླབས་སློབ་མ་རྗེས་བཟུང་།
འ མགོན་པོ་མཆིན་ཁའི་རྗེས་གནང་།
ཡ མགོན་པོ་མཆིན་ཁ་སྒྲུབ་པའི་མན་ངག
ར མགོན་པོ་མཆིན་ཁའི་འཁོར་གྱི་མངོན་རྟོགས།
ལ མགོན་པོ་གསང་སྒྲུབ་ཀྱི་དབང་ཆོག
ཤ ཤ་བ་རི་པའི་མགོན་པོ་གསང་སྒྲུབ་ཀྱི་རྒྱ་གཞུང་།
ས མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར།
ཧ དཔལ་མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པ་མགོན་པོ་རྒྱན་ཅན་དུ་གྲགས་པའི་དབང་ཆོག
ཨ མགོན་པོ་དབང་གི་རྒྱལ་པོའི་རྗེས་གནང་།
ཀི མགོན་པོ་ནང་སྒྲུབ་དབང་རྒྱལ་གྱི་སྒྲུབ་ཐབས།
ཁི མགོན་པོ་དབང་རྒྱལ་གྱི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྡུས།
གི ཚེ་བདག་མགོན་པོ་མཁའ་འགྲོ་མ་བཞི་བསྐོར་ཡུམ་བཅས་སྒྲབ་ཐབས།
ངི ཚེ་བདག་མགོན་པོའི་སྒོ་ནས་ཚེ་དབང་བྱེད་ཐབས།
ཅི བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་སྒྲུབ་པ་ས་ར་ཧས་མཛད་པ།
ཆི བྱིན་གྱིས་བརླབས་པ་མགོན་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་ཁྲག་འཐུང་གི་རྗེས་གནང་།
ཇི གུ་ཎ་ཨ་ཀ་ར་དང་ཨ་ཐ་ན་བཛྲ་གཉིས་ལས་བརྒྱུད་པའི་ལྷ་བཞིའི་དྲིལ་སྒྲུབ་ཀྱི་ལམ་རིམ་མངོན་རྟོགས།
ཉི རྣལ་འབྱོར་མའི་སྒྲུབ་ཐབས་ཨ་ཐ་ན་བཛྲ་གྱིས་མཛད་པ།
ཏི ལྷ་བཞིའི་ཞལ་གདམས།
ཐི ལྷ་བཞིའི་སྒོ་ནས་གཞན་ལ་དབང་བསྐུར་བ།
དི ལྷ་བཞིའི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་དབང་རྒྱུན་བླང་བའི་མན་ངག
ནི ལྷ་བཞི་བླ་མ་དང་ལྔའི་བསྟོད་པ།
པི མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་།
ཕི སྒྲུབ་ཐབས་དགོས་པ་ཀུན་འབྱུང་།
བི ཞི་བ་ནོར་དུ་སྒྲུབ་པའི་གདམས་པ།
མི མགོན་པོ་གཟི་ལྡན་གྱི་སྒྲུབ་ཐབས།
ཙི དབང་སྡུད་འཁོར་ལོའི་བྲི་ཡིག
ཚི གཏོར་མའི་མན་ངག
ཛི སྦྱིན་སྲེག་བུམ་པ་བཅའ་ཐབས།
ཝི མགོན་པོ་དབང་གི་རྒྱལ་པོའི་སྐོ་ནས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་བསྡུ་བ།
ཞི དཔལ་ཡེ་ཤེས་མགོན་པོའི་བསྟོད་པ་རྒྱལ་ཀུན་མ།
ཟི མཁས་གྲུབ་ཐམས་ཅད་མཁྱེན་པས་མགོན་པོའི་སྐོར་ལེགས་པར་རྩད་བཅད་ཅིང་དག་ཐེར་ལེགས་པར་མཛད་པ།
འི ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་ཉི་ཟླ་རྣམ་གཞག་གསལ་བར་བྱེད་པ་ཁྲིགས་སུ་བསྡེབས་པ་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པ།
ཡི བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཐུན་མོང་མ་ཡིན་པ་གསལ་ཞིང་རྒྱས་ལ་མ་སྦས་པ་ཐམས་ཅད་ཚང་བ་ཕྱོགས་གཅིག་ཏུ་བཀོད་པ་མཁས་གྲུབ་རིན་པོ་ཆེས་མཛད་པ།
རི མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་མཉེས་པར་བྱེད་པའི་གཏོར་ཆོག་སྐོང་བ་བཅས་མཁས་གྲུབ་པས་མཛད་པ།
ལི བརྟེན་གཞི་གནད་གསུམ།
ཤི སྤོས་སྦྱོར་མན་ངག་བསྡུས་པ།
སི སྤོས་སྦྱོར་རྒྱས་པའི་མན་ངག
ཧི མཛེ་ཐོད་མོན་ཐོད་ལ་བརྟེན་པའི་མནན་གཏད།
ཨི ཕྱི་དར་ནག་པོ་ལ་བརྟེན་པའི་དཔལ་ལྡན་ལྷ་མོའི་བཅའ་ཐབས་སངས་རྒྱས་སྟོན་པ་ལ་གནང་བའི་ཞལ་གདམས།
ཀུ གདོན་གྱིས་བུ་དང་ཤ་མ་མ་ཐོན་པ་འདོན་ཐབས།
ཁུ དཔལ་ལྡན་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་བཞི་མའི་བསྙེན་སྒྲུབ་ལས་སྦྱོར་རྟེན་བཅའ་ཐབས་བཅས།
གུ མཻ་ཏྲི་པའི་ལུབས་ཀྱི་ལྷ་མོ་ཕྱག་གཉིས་པའི་སྲོག་སྒྲུབ་ཆུང་བ།
ངུ མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ།
ཅུ སློབ་དཔོན་དྷ་ན་སཾསྐྲྀ་ཏས་གནོད་སྦྱིན་བཞི་དམ་ལ་བཏགས་ནས་མགོན་པོ་གཙོ་འཁོར་གྱི་ཚུལ་དུ་ལྷན་ཅིག་སྒྲུབ་པའི་སྦྲགས་སྒྲུབ།
ཆུ བདུད་མགོན་ཏྲ་ཤད་ལ་བརྟེན་པའི་ངན་སྔགས་ཆིག་སྒྲུབ་སྤུ་གྲི་མེ་དབལ།
ཇུ མགོན་པོའི་སྦྱིན་སྲེག་གསལ་བ་གསུམ་ལྡན་སངས་རྒྱས་སྟོན་པས་མཛད་པ།
ཉུ མཁས་གྲུབ་ཁྱུང་པོས་མཛད་པའི་སྤྱན་འདྲེན།
ཏུ མགོན་པོའི་གཏོར་བསྔོའི་ཟུར་འདེབས།
ཐུ མགོན་པོའི་གཏོར་རྫོང་གཙང་སྦྱར་མ།
དུ བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་བསྟོད་པ།
ནུ ནམ་མཁའ་ལྡིང་གི་རྒྱལ་པོས་ཡན་ལག་བདུན་པའི་སྒོ་ནས་ལྷ་མོ་ལ་བསྟོད་པ།
པུ ལྷ་མོའི་བསྟོད་པ་བསྐལ་བ་མེ་འབར་མ།
ཕུ མཻ་ཏྲི་པས་ལྷ་མོ་ཞལ་གཟིགས་དུས་མཛད་པའི་བསྟོད་པ།
བུ མགོན་པོའི་འཁོར་གཙང་རིགས་དཔལ་མགོན་དོན་ལྔ་སོགས་དམ་ཅན་རྒྱ་མཐོའི་བསྐུལ་པ།
མུ མཁས་གྲུབ་རིན་པོ་ཆེས་མཛད་པའི་མགོན་པོའི་བསྟོད་པ།
ཙུ མཁས་གྲུབ་རིན་པོ་ཆེས་མཛད་པའི་ལྷ་མོའི་བསྟོད་པ།
ཚུ ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ།
ཛུ ཤོག་དྲིལ་དང་པོ་སྲུང་འཁོར་བྲི་ཐབས་རྡོ་རྗེའི་གོ་ཆ་བླ་མས་ཤངས་པ་ལོ་ཙཱ་བ་ལ་བསྟན་པ།
ཝུ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དེ་བསྟན་གཞིའི་གདམས་པ་ཐུན་མོང་མ་ཡིན་པ།
ཞུ དཔྲལ་བའི་སིནྡྷུ་རར་བརྟེན་ནས་མཁའ་འགྲོར་དབང་དུ་སྡུད་པ་སོགས་གནད་གསུམ་དང་བཅས་པ་ཤངས་སྟོན་གྱིས་བཀོད་པ།
ཟུ གནས་ཁང་བསིལ་ཚལ་དུར་ཁྲོད།
འུ ཤོག་དྲིལ་གཉིས་པར་མགོན་པོ་ཞལ་གསུམ་ཕྱག་དྲུག་པར་བརྟེན་པའི་སྲུང་བ་རྡོ་རྗེའི་ཆར་འབེབས།
ཡུ བཟློག་པ་སྟོབས་ཆེན་ཤུགས་བཟློག
རུ བསད་པ་གནས་ལྕགས།
ལུ ཡང་བཟློག
ཤུ ཤོག་དྲིལ་གསུམ་པ།
སུ འབྲུབ་ཁུང་ལིངྒ་འཁོར་ལོ།
ཧུ དྲག་པོའི་སེར་འབེབས།
ཨུ ཤོག་དྲིལ་བཞི་པ།
ཀེ མནན་པ་འདོན་པ་བཅིངས་པ་འགྲོལ་བ་སོགས།
ཁེ སྲིའུ་གསོ་བ།
གེ གུ་གུལ་གྱི་བསྙེན་པ།
ངེ ཡུངས་ཀར་བསྙེན་པ།
ཅེ ལམ་དུ་དུད་འགྲོའི་བར་ཆད་སྲུང་བ།
ཆེ རྨི་ལམ་ངན་པ་ཟློག་ཐབས།
ཇེ ཤོག་དྲིལ་ལྔ་པ།
ཉེ དགྲ་བོ་ཚར་གཅོད
ཏེ མིའི་རླིག་བུ་ལ་བརྟེན་པ།
ཐེ འཁོར་གྱེ་རླུང་སྒྲུབ།
དེ དོམ་གྱི་ཆུ་འཛིན་ལ་བརྟེན་པ།
ནེ ལུག་ནག་གཅན་གཟན་གྱིས་བསད་པ།
པེ ལྟེ་ཁུང་ནག་པཔོ།
ཕེ ནག་པོ་རྟའི་ཆུ་འཛིན།
བེ གཙོ་འཁོར་ཡོངས་རྫོགས་ཀྱི་རླུང་སྒྲུབ།
མེ ཤོག་དྲིལ་དྲུག་པ།
ཙེ རྟེན་ལ་བརྟེན་གྱི་སྲུང་མ།
ཚེ བགེགས་ཀྱི་རྒྱལ་པོ་ལ་བརྟེན་ནས་པྲ་འབེབས།
ཛེ ཤོག་དྲིལ་བདུན་པ།
ཝེ ཀྵེ་ཏྲ་ལའི་གྲི་གུག་ལ་བརྟེན་པ།
ཞེ ཛེ་ན་མི་ཏྲའི་ཌཱ་མ་རུར་བརྟེན་པ།
ཟེ ཌཱཀི་རཱ་ཛའི་རྒྱུ་ཞགས་ལ་བརྟེན་པ།
འེ ཏྲཀྴད་ཀྱི་བ་དན་ལ་བརྟེན་པ།
ཡེ ཤོག་དྲིལ་བརྒྱད་པ།
རེ མཁའ་འགྲོ་དབང་སྡུད།
ལེ ཤོག་དྲིལ་དགུ་པ།
ཤེ རུས་སྦལ་ལྟོ་བའི་ཙཀྲ།
འེ འཁོར་ལོའི་སྒོ་ནས་དགྲ་བགེགས་བསད་པའི་ལས་སྦྱོར།
ཧེ རྣལ་འབྱོར་དབང་ཕྱུག་ཤ་བ་རི་པས་རྒྱུད་ནས་ཕྱུང་བ།
ཨེ ངན་སྔགས་སྲིན་མོ་མེ་ཁྱེར།
ཀོ ཤོག་དྲིལ་བཅུ་པ།
ཁོ ཀྵེ་ཏྲ་པཱ་ལའི་རླུང་སྒྲུབ།
གོ ཀྵེ་ཏྲ་པཱ་ལའི་གཏོར་མའི་ལས་སྦྱོར།
ངོ ཤོག་དྲིལ་བཅུ་བཅིག་པ།
ཅོ ཤོག་དྲིལ་བཅུ་བཉིས་པ།
ཆོ ཤོག་དྲིལ་བཅུ་གསུམ་པ།
ཇོ འཁོར་ལོའི་དཔེའུ་རིས་བཅས།
The White Protector
གཉིས་པ་མགོན་དཀར་གྱི་སྐོར་ལ།
མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་ཕྱོགས་གཅིག་བསྡུས་པའི་བེ་བུམ་གྱི་དཀར་ཆག
།ཡིག་རྙིང་སྐོར་ལ་གྲུབ་ཆེན་ཁྱུང་པོས་མཛད་པའི་སྒྲུབ་ཐབས་མཆན་ཡོད། དགོས་འདོད་འབྱུང་བའི་གདམས་ངག་གི་རྒྱལ་པོ།
བསྟོད་པ་ཕྱོགས་བཅུ་དུ་གསུམ་མ། མཆན། དགོས་འདོད་འབྱུང་བ་ཞེས་བྱ་བ་བྱིན་རླབས་ཅན་ཁྱུང་པོས་མཛད་པ།
ཡིད་བཞིན་ནོར་བུའི་ལོ་རྒྱུས།
གཏོར་མའི་ཆོ་ག །མཆོད་འབུལ། བསྐང་བ། རྗེས་གནང་གི་ཡི་གེ་མཎྜལ་གཏོར་མའི་ཞལ་གདམས་ཅུང་ཟད་དང་བཅས་པ།
ལས་ཚོགས་ཐུན་མོང་མ་ཡིན་པ༼ས༽། གཏེར་བུམ་བཅའ་ཐབས༼ས༽། དབང་སྡུད་༼ས༽འཁོར་ལོའི་མན་ངག །སྦྱིན་སྲེག༼ས༽། ཡང་གཏེར་བུམ་བཅའ་བའི་གདམས་རྒྱས་ཟབ་པ།
བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ་རྨོག་ལྕོག་པ་ཀུན་དགའ་འོད་ཀྱིས་མཛད་པ།
རབ་གནས་༼ས༽ཀྱི་ཞལ་གདམས་ནམ་མཁའ་སྟོབས་རྒྱས་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བཅས།
ཡི་གེ་ཕྱི་མའི་སྐོར་ལ།
ཚར་ཆེནཆོས་ཀྱི་རྒྱལ་པོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་༼ས༽རྒྱ་མཚོ།
ཡང་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འཇམ་མགོན་ཀུན་དགའ་གྲོལ་མཆོག་གིས་མཛད་པ།
སྒྲུབ་ཐབས་རྗེས་གནང་གི་ཕྱག་ལེན་ནག་པོ་འགྲོ་ཤེས་བཀླག་ཆོག་ཏུ་བཀོད་པ་༼ས༽མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ།
མཁན་ཆེན་བསོད་ནམས་རྒྱ་མཚོས་མཛད་པའིསྒྲུབ་ཐབས། འདི་ལུང་མ་ཐོབ།
མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་སྒྲུབ་ཐབས་དབང་གི་རྒྱལ་པོ། སྦྱིན་སྲེག་བཀླགས་པས་དོན་གྲུབ། འདོད་དོན་གསོལ་གདབ། བླ་མ་བརྒྱུད་པའི་གསོལ་འདེབས་རྣམས་དང་། བརྒྱུད་པ་འདིའི་ལུགས་ཀྱི་གསོལ་འདེབས་བྱིན་རླབས་ཆེ་ཤོས་ན་མོ་བུདྡྷའི་གསོལ་འདེབས།
ཞུ་ཆེན་རིན་པོ་ཆེས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཡི་གེ་ཁམས་གསུམ་འགུགས་པའི་ལྕགས་ཀྱུ། གཏེར་བུམ་སྒྲུབ་པའི་མན་ངག་རྣམ་གསལ་མེ་མོང་། ཐུགས་དམ་སྐོང་བའི་ཆོ་ག་ཡོངས་འདུས་ས་བརྟོལ་བཅས་ལེགས་པར་བཀའ་དྲིན་དུ་སྩལ་ཏོ།
The lineages
།དེ་དག་གི་བརྒྱུད་པའི་རིམ་པ་ལས།
Dorjé Denpa
རྡོ་རྗེ་གདན་པའི་ཆོས་སྐོར་ལས་བྱུང་པའི་རྒྱུད་སྡེ་ལྔའི་དབང་བསྐུར་བའི་བརྒྱུད་པའི་རིམ་པ་ལ། SCv5p439
དགྱེས་རྡོར་ནི། རྡོ་རྗེ་འཆང་། བདག་མེད་མ། ཌོམྦི་ཧེ་རུ་ཀ །ངོ་མཚར་རྡོ་རྗེ། གནྡྷ་རི་པ། རྒྱལ་བ་དཔལ། མི་ཐུབ་དཔལ་ཟླ་བ། ཤཱནྟི་པ། རྡོ་རྗེ་གདན་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའོ།
།གསང་འདུས་མི་བསྐྱོད་རྡོ་རྗེ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཀླུ་ཡི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། འཕགས་པ་ལྷ། བྱང་ཆུབ་བཀྲ་ཤིས་མ། མ་ཏངྒི། ཏེ་ལོ། ནཱ་རོ། ཏ་ཐཱ་ག་ཏ་རཀྵི་ཏ། ཨ་བྷ་ཡའོ།
།བདེ་མཆོག་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། ལཱུ་ཡི་པ། ཌོམྦི་པ། རྡོ་རྗེ་དྲིལ་བུ་པ། གཱ་པ་ལ། ཛ་ལནྡྷ་ར། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། ཏེ་ལོ། ནཱ་རོ། བློ་གྲོས་བཟང་པོ། ཨ་བྷ་ཡའོ།
།མ་ཧཱ་མཱ་ཡཱ་ནི། རྡོ་རྗེ་འཆང་། ཀུ་ཀུ་རི་པ། པདྨ་པ། ཞི་བ་བཟང་པོ། ཤཱནྟི་པ། རྡོ་རྗེ་གདན་པའོ།
།འཇིགས་བྱེད་ནི། རྡོ་རྗེ་འཆང་། སྐལ་པ་བཟང་མོ། ལ་ལཱི་ཏ། ཨིནྡྲ་བོདྷི་ཆུང་བ། དཔལ་འཛིན། རྣམ་སྣང་སྲུང་བ། ཀ་མ་ལ་རཀྴི་ཏ། ཨ་གྷཱ་ཡའོ།
།རྒྱུད་སྡེ་ལྔ་ཀའི་མན་ངག་གི་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། གྲུབ་པའི་དཔའ་བོ། རིན་འབྱུང་། ཨ་ཏ་ཡ་བཛྲ། རཱ་ཧུ་ལ་གུཔྟ་བཛྲ་སྟེ།
དེ་ལྟར་བླ་མ་རྒྱ་གར་པ་རྣམས་ཀྱི་བཀའ་བབ་ཆུ་བོ་གཅིག་ཏུ་འདུས་ཤིང་རྒྱལ་བས་ཉན་ཐོས་རྫུ་འཕྲུལ་ཆེན་པོར་ལུང་བསྟན་པ། ས་གསུམ་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ། གཉན་སྟོན་བརྩོན་འགྲུས་སེང་གེ། ཆོས་རྗེ་སྟོན་པ་ཆོས་ཀྱི་བརྩོན་འགྲུས། ཤངས་སྟོན་རིན་ཆེན་འབུམ། ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ། རས་ཆེན་སངས་རྒྱས་སེང་གེ། ཤངས་དཀར་བ། སངས་རྒྱས་དཔལ་བཟང་ ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་ཀུན་དགའ་གྲོལ་མཆོག །བྲག་སྟོད་པ་ལྷ་དབང་གྲགས་པ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ།
ཡང་ན། སངས་རྒྱས་བསྟན་པ་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ་ ཆོས་དཔལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་གྲུབ། ཀུན་བཟང་ཆོས་ཀྱི་ཉི་མ། ཏཱ་ར་ནཱ་ཐ།
དེ་ནས་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། རིན་ཆེན་མཉམ་བཞག །ཡེ་ཤེས་རྒྱལ་མཚན། བླ་མ་སྦྱིན་པ། རྣམ་རྒྱལ་དོན་གྲུབ། འབེ་ལོ་ཚེ་དབང་ཀུན་ཁྱབ། མཆོག་སྤྲུལ་ཀརྨ་རཏྣ། རྡོ་རྗེ་འཛིན་པ་ཀརྨ་འོད་གསལ་འགྱུར་མེད་ཀྱི་བཀའ་དྲིན་ལས། བདག་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྐལ་པ་བཟང་པོའི་བགོ་སྐལ་དུ་ནོད་པའོ།
།ཇོ་ནང་རྗེ་བཙུན་ཐམས་ཅད་མཁེན་པས་མཛད་པའི་རྒྱུད་སྡེ་ལྔའི་སྒྲུབ་དཀྱིལ་གཉིས་ཀའི་ལུང་གི་བརྒྱུད་པའང་རྗེ་བཙུན་མན་ཆད་དེ་དང་མཚུངས་ཤིང་། དཀྱིལ་ཆོག་ལ་སྤྱི་བཤད་རྒྱས་པ་ས་བཅད་ཅན་དེའི་ལུང་བརྒྱུད་ཡིན་ནོ།
Niguma
ཡེ་ཤེས་ཀྱི་ཌཱ་ཀི་མ་ཆེན་མོ་ནི་གུ་མའི་ཆོས་སྐོར་ལས།
ཐོག་མར་བདེ་མཆོག་ལྷ་ལྔའི་དབང་བཞིའི་བརྒྱུད་རིམ་ནི། ཁྱབ་བདག་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་པྟ་སྟེ་ངེས་པར་སྦས་མར་གྲགས་པ། མཁས་གྲུབ་ཁྱུང་པོ། རྨོག་ལྕོག་པ། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་མགོན། བྱ་བྲལ་རི་ཁྲོད་རས་ཆེན། མཁྱེན་ལྡན་ཤངས་པ་དཀར་པོ། ལྐུག་ལུང་པ་མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་རྣམ་རྒྱལ་བ། རྒྱ་སྒོམ་ལེགས་རྒྱལ། རྗེ་གྲོལ་མཆོག ཆོས་སྐུ་ལྷ་དབང་གྲགས་པ། རྡོ་རིང་དབོན་ཀུན་དགའ་རྒྱལ་མཚན། གསང་བདག་ཏཱ་ར་ནཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། བྱམས་པ་ཡོན་ཏན་མགོན་པོ། འཇའ་ལུས་མགོན་པོ་དཔལ་འབྱོར། རྗེ་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་ཚེ་དབང་ནོར་བུ། འབྲུག་ཆེན་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས་དཔལ་འབར། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། སཱཙྪ་བློ་གྲོས་གྲགས་པ་གྲུབ་ཆེན་བཀའ་བརྒྱུད་བསྟན་འཛིན། གྲུབ་བརྙེས་ཀརྨ་ལྷག་མཐོང་། ཆོས་བརྒྱད་ཀྱི་འཁྲུལ་པ་ཞིག་ནས་ལམ་གྱི་ཡོན་ཏན་སྒྲ་ཇི་བཞིན་པར་བརྙེས་པ་གྲུབ་དབང་ཀརྨ་ནོར་བུའམ། ཀརྨ་གཞན་ཕན་འོད་ཟེར་གྱིས་ཐུགས་རྗེས་གཟིགས་ནས་བདག་གུ་ཎ་ལ་གནང་བའོ།
།ཡང་ན་ཕྲིན་ལས་ཤིང་རྟ་ནས། ཀུན་མཁྱེན་བསྟན་པའི་ཉིན་བྱེད། སཱཙྪ་བློ་གྲོས་མན་འདྲ། རྗེ་བླ་མ་གྲུབ་པའི་དབང་པོ་དེ་ཉིད་ཀྱིས་མཛད་པའི་ཡིག་ཆ་ལས་ཆོས་དྲུག་གི་སྨིན་བྱེད་བཀའ་དྲིན་དུ་སྩལ་བའང་བརྒྱུད་པ་དེ་དང་འདྲའོ།
།སྨོས་མ་ཐག་པའི་བདེ་མཆོག་དབང་བཞི་མ་གཏོགས་པའི་ཆོས་དྲུག་བཀའ་དགུ་པོ་དང་། ལམ་ཁྱེར་གསུམ་གྱི་བཀའ། ལུས་སེམས་འཆི་མེད་ཀྱི་བཀའ་བཅས་ས་ལུགས་ཀྱི་བརྒྱུད་པ་ནི། གཙང་མ་ཤངས་སྟོན་ཡན་བདེ་མཆོག་ལྷ་ལྔ་ལྟར་ལ། ཤངས་སྟོན་ནས། གཉགས་སྟོན་ཆེན་པོའམ་མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མཚན་ལྡན་ནམ་མཁའི་རྣལ་འབྱོར་། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མང་མཁར་བ་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། པུ་ཧྲང་མཁས་གྲུབ་དཔལ་ལྡན་དར་བོ། ཞེ་དགོན་པ་བསོད་ནམས་རྩེ་མོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་མཁང་རྩེ་པ་ངག་དབང་བསོད་ནམས་རྒྱལ་མཚན། ཀ་དཔེ་བ་ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། འདྲེན་མཆོག་སངས་རྒྱས་བསྟན་པ། ཁྱབ་བདག་སངས་རྒྱས་དཔལ་བཟང་། མུས་ཆེན་བསོད་ནམས་དཔལ་བཟང་། སྐལ་ལྡན་ཆོས་ཉིད་ཡེ་ཤེས། མཚུངས་མེད་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། རྗེ་བཙུན་བརྟན་པའི་འཁོར་ལོ་ངུར་སྨིག་གི་རྒྱལ་མཚན་ཐོགས་པ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུགས་རྗེ་ཆེན་པོས་སྩལ་བའོ།
།དེ་དག་གི་སྟེང་དུ་ཕྱག་ཆེན་དབང་བཀའ་བསྣན་པའི་བརྒྱུད་ལུགས་གཅིག་ནི། ཤངས་སྟོན་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། འཇག་ཆུང་བློ་གྲོས་དཔལ། འཇག་ཆུང་ཀུན་དགའ་དཔལ་བཟང་། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། ངག་དབང་ཀུན་དགའ་ལེགས་འབྱུང་ནས། མུས་ཆེན་བསོད་ནམས་དཔལ་བཟང་མན་གོང་ལྟར་རོ།
།མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་བརྒྱུད་པ་ནི། འཇག་ཆེན་པ་ནས། འཇམ་དབྱངས་བློ་གྲོས་དཔལ་བཇང་། འཇག་ཆུང་ཀུན་དགའ་དཔལ་བཟང་ནས་ཚར་ཆེན་བར་ཕྱག་ཆེན་ལྟར། དེ་ནས་འ་ཞྭ་མ་ཁྱེན་བརྩེ། དབང་རབ། ངག་ཆོས། ངག་དབང་བསོད་རྒྱལ། རྒྱལ་བ་ལྷུན་གྲུབ། བསོད་ནམས་ཆོས་འཕེལ་མན་འདྲའི། །བདེ་མཆོག་ལྷ་ལྔའི་དབང་གཉིས་པོ་མ་གཏོགས་པའི་ཆོས་དྲུག་བཀའ་བརྒྱད་པོ་ཇོ་ལུགས་ལས་བརྒྱུད་པ་ལྟར་ན། ལྷ་དབང་གྲགས་པ་ཡན་བདེ་མཆོག་ལྟར་ལ། དེ་ནས་རྗེ་བཙུན་སྒྲོལ་བའི་མགོན་པོ། ཐུབ་བཙུན་ཀུན་དགའ་བསོད་ནམས། རྨོག་ལྕོག་པ་བྱམས་པ་ལྷུན་གྲུབ། རྗེ་བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། འཆོ་མཛད་ངག་དབང་བློ་གྲོས། འཁྲུལ་ཞིག་ངག་དབང་མཇམ་དབྱངས། ཆོས་རྗེ་གྲགས་པ་ཆོས་འཕེལ། རྟག་བརྟན་ཕུན་ཚོགས་གླིང་རྡོ་རྗེ་སློབ་དཔོན་བློ་བཟང་མཐུ་སྟོབས། ཞྭ་ལུ་པ་ཆེན་པོ་རིན་ཆེན་བློ་གསལ་བསྟན་སྐྱོང་། ཀུན་མཁྱེན་འཇམ་པའི་དབྱངས་ཀྱི་ཞབས་པད་ནས་བཀའ་དྲིན་དུ་ནོད་པའོ།
།བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བཞིའི་བརྒྱུད་པ་ནི། རྗེ་བཙུན་རིན་པོ་ཆེ་ནས། རང་གྲོལ་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན། མཁན་ཆེན་རྒྱལ་བ་ལྷུན་གྲུབ། སྤྲོ་མོ་ལུང་པ་བསོད་ནམས་ཆོས་འཕེལ། གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། མུས་ཆེན་བསོད་ནམས་དཔལ་བཟང་། གྲུབ་དབང་ཆོས་ཉིད་ཡེ་ཤེས། བྱམས་པ་བསོད་ནམས་དབང་ཕྱུག །གྲུབ་དབང་དོན་ཡོད་རྡོ་རྗེ། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ། ཀུན་མཁྱེན་བླ་མ་དམ་པའོ།
།ཡང་བརྒྱུད་ཚུལ་གཅིག་ནི། གཙང་མ་ཤངས་སྟོན། མཁས་བཙུན་པ། བྱམས་པ་དཔལ། བློ་གྲོས་དཔལ། ཀུན་དགའ་དཔལ། བསོད་ནམས་བཟང་པོ། གྲུབ་དབང་ཆོས་ཀྱི་ཉི་མ། ཆོས་གྲགས་རྒྱལ་མཚན། ཀུན་དགའ་ཆོས་གྲགས། ནམ་མཁའ་ཆོས་དར། བྱམས་པ་ངག་དབང་རྣམ་རྒྱལ། ཀུན་དགའ་དོན་གྲུབ། ངག་དབང་ཆོས་གྲགས། ངག་དབང་བསོད་རྒྱན། རྒྱལ་དབང་ལྷུན་གྲུབ་མནའདྲའོ།
།ཆོས་དྲུག །ཕྱག་ཆེན། ལམ་ཁྱེར་རྣམ་གསུམ། ལུས་སེམས་འཆི་མེད། མཁའ་སྤྱོད་དམར་མོའི་འཕོ་ཁྲིད། ཆོས་དྲུག་སྟན་ཐོག་གཅིག་མའི་ཉམས་ཁྲིད་བཅས་ཀྱི་བརྒྱུད་པ་ནི་རིང་བརྒྱུད་ས་ལུགས་ཀྱི་དབང་བརྒྱུད་ཟུང་དང་འདྲ། ཉེ་བརྒྱུད། རྡོ་རྗེ་འཆང་། ནི་གུ་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བློ་གྲོས་རྒྱལ་མཚན་སོགས་སོ།
།མཁའ་སྤྱོད་དཀར་མོའི་འཕོ་ཁྲིད་ཀྱང་ཉེ་བརྒྱུད་དེ་ཉིད་དོ།
།ཇོ་ནང་རྗེ་བཙུན་ཆེན་པོས་མཛད་པའི་ཁྲིད་ཡིག་རྒྱས་བསྡུས་འབྲིང་གསུམ། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་མཛད་པའི་ཡིག་ཆ་རྣམས་ལས་ཆོས་དྲུག་གི་ཁིད་རྒྱས་བསྡུས་ལན་གསུམ་ནོས་པའི་བརྒྱུད་པ་ནི་བདེ་མཆོག་ལྷ་ལྔ་ལྟར་རོ།
།ཡང་ཀུན་གཟིགས་བླ་མ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཇོ་ལུགས་ཀྱི་ཆོས་དྲུག་རྒྱས་བསྡུས་གཉིས་གསན་པས་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་ལུང་རྐྱང་ཙམ་གྲི་བརྒྱུད་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐ། བྱ་བཏང་ཀུན་དགའ་ཡེ་ཤེས། འདི་ཁྱིམ་པའི་དུས་ནས་ཆོས་དྲུག་གསན་པས་རྨི་ལམ་སྤྲུལ་བསྒྱུར་སོགས་ཉམས་མྱོང་ཁྱད་པར་ཅན་འཁྲུངས། རྨོག་ལྕོག་པའི་སྤྲུལ་པར་གྲགས། དེ་ནས་རྫོང་སྟེང་སྤྲུལ་སྐུ་བྱམས་པ་ཡོན་ཏན་མགོན་པོ། རྨོག་ལྕོག་བདག་དབང་ཀུན་དགའ་ལྷུན་གྲུབ། མགོན་པོ་སྒང་པ་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྨོག་ལྕོག་པ་ངད་དབང་ཀུན་དགའ་བཟང་པོ། མགོན་པོ་སྒང་པ་བློ་བཟང་མཁས་གྲུབ་བསྟན་དར། རྨོག་ལྕོག་པ་ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཉྫུ་གྷོ་ཥའི་ཞབས་པད་ལས་སོ།
།ཆོས་དྲུག་ཕྱག་ཆེན་གཉིས་ཀ་རྗེ་བཙུན་རིན་པོ་ཆེའི་ཡིག་ཆ་ལས་ཉམས་ཁྲིད་ཀྱི་བརྒྱུད་པ་ནི་ཆོས་དྲུག་བཀའ་ཇོ་ལུགས་དང་འདྲ། ལུང་གི་སྐོར་ལ། རྩ་བའི་ཡིག་ཆ་རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མང་ཐོས་བསོད་ནམས་ཆོས་འཕེལ་ཡན་ས་ལུགས་དབང་བཀའ་རྣམས་ཀྱི་བརྒྱུད་པ་དང་འདྲ་ལ། དེ་ནས་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཕགས་པ་དགེ་ལེགས་རྒྱལ་མཚན། རྨོག་ལྕོག་པ་ཀུན་དགའ་ངེས་དོན་སྙིང་པོ། ལྕགས་ཟམ་བདུན་པ་ཡེ་ཤེས་ལྷུན་གྲུབ། དེ་གཉིས་ཀ་ལས་དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེའི་ཞགས་ཀྱི་བདག་ལའོ།
།གྲུབ་ཆེན་ཐང་རྒྱལ་གྲི་ཁྲིད་ཡིག་རྣམས་ཀྱི་ལུང་རྒྱུན་གཅིག་ནི། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དབང་སྟོན་ཀུན་བཟང་པདྨ་ཚེ་དབང་། བསྟན་འཛིན་བརྒྱད་པ་སོགས་སོ།
ཡང་ཡིག་ཆ་རགས་རིམ་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི་ས་ལུགས་ཀྱི་ཕྱག་ཆེན་དབང་བཀའ་བསྣན་པའི་བརྒྱུད་རིམ་དེ་བཞིན་ལ་བསོད་ནམས་ཆོས་འཕེལ་ནས། གནས་གསར་བ་ལ་བརྒྱུད་པ་སྨོས་མ་ཐག་པ་ལྟར་རོ།
།༼ས༽རྟགས་ཅན་རྣམས་ཀྱི་ལུང་རྒྱུན་ནི་ས་ལུགས་ཀྱི་དབང་གི་བརྒྱུད་པ་དང་འདྲ།
༼ཏཱ༽རྟགས་ཅན་རྣམས་ཀྱི་ལུང་རྒྱུན་ནི། རྗེ་བཙུན་ཏཱ་ར་ནཱ་ཐ་ཡན་བདེ་མཆོག་ལྷ་ལྔ་ལྟར་ལ། དེ་ནས་བྱ་བཏང་ཀུན་དགའ་ཡེ་ཤེས་ནས། ལྕགས་ཟམ་བརྒྱད་པའི་ཟབ་དོན་ཐང་བརྡལ་མའི་ལུང་བརྒྱུད་ལྟར་རོ།
།འཆི་མེད་འཁྲུལ་འཁོར་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། བིརྺ་ནག་པོ། སློབ་དཔོན་དུར་ཁྲོད་ནག་པོ། བྲམ་ཟེ་ནག་པོ། གྲུབ་ཐོབ་ལ་སྟོད་མགོན་པོ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ་ནས། མུས་ཆེན་བསོད་ནམས་དཔལ་བཟང་ཡན་ས་ལུགས་དབང་སྤྱིའི་བརྒྱུད་པ་ལྟར་ལ། དེ་ནས་མཁས་གྲུབ་སངས་རྒྱས་བཀྲ་ཤིས། ཆོས་ཉིད་ཡེ་ཤེས་མན་ཆད་ཀྱང་དེ་དང་འདྲའོ།
Sukhasiddhi
ཡེ་ཤེས་ཀྱི་མཁའ་འགྲོ་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཌཱ་ཀི་སུ་ཁ་སིདྡྷི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་བ། སྐྱེར་སྒང་པ། གཉན་སྟོན། ཆོས་རྗེ་སྟོན་པ། ཤངས་སྟོན་རྒྱལ་མཚན་འབུམ། བྱམས་པ་དཔལ། བློ་གྲོས་དཔལ། ཀུན་དགའ་དཔལ། བསོད་ནམས་བཟང་པོ། ཆོས་ཀྱི་ཉི་མ། ངག་དབང་ཆོས་ཀྱི་རྒྱལ་མཚན། ཀུན་དགའ་ཆོས་གྲགས། ནམ་མཁའ་ཆོས་དར། ངག་དབང་ཀུན་དགའ་དོན་གྲུབ། ངག་དབང་ཆོས་གྲགས། བསོད་ནམས་རྒྱལ་མཚན། རྒྱལ་བ་ལྷུན་གྲུབ། བསོད་ནམས་ཆོས་འཕེལ་མན་ས་ལུགས་དབང་སྤྱི་ལྟར་རོ།
།ཡང་ཚར་ལུགས་ཀྱི་བརྒྱུད་པ་ནི། ནི་གུའི་དབང་བཀའ་ཚར་ཆེན་ཕྱོགས་ནས་བརྒྱུད་པ་དེ་དང་འདྲ། ཞྭ་ལུ་ནས་བརྒྱུད་པ་ནི་བདེ་མཆོག་ཏིང་ངེ་འཛིན་གྱི་དབང་རྒྱུན་ཕྱི་མ་དང་འདྲའོ།
།སུ་ཁ་ཆོས་དྲུག་གི་ཉམས་ཁྲིད་ཇོ་ནང་ཁྲིད་བརྒྱ་ལྟར་སྩལ་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བི་རཱུ་པ། སུ་ཁ་སིདྡྷི། ཁྱུང་པོ་ནས་ཤངས་སྟོན་བར་སྤྱི་ལྟར། རིག་པའི་རྡོ་རྗེ། ཁུ་སྟོན་ཚུལ་ཁྲིམས་མགོན་པོ། ཆོས་དཔལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། ཞྭ་ལུ་མཁྱེན་རབ་ཆོས་རྗེ། གཞོན་ནུ་ཆོས་གྲུབ། གྲོལ་མཆོག་སེམས་ཀྱི་མདུད་གྲོལ། ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཅུན་ཏཱ་ར་ནཱ་ཐ། འདྲེན་མཆོག་ཕྲིན་ལས་དབང་མོའམ་རིན་ཆེན་རྡོ་རྗེ་མ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། སྙིང་པོ་བློ་གྲོས་མཐའ་ཡས། རྫ་སློང་དཀར་བླ་མ་གྲུབ་དབང་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། སློང་དཀར་བླ་མའི་དབོན་ངག་དབང་རྣམ་རྒྱལ་ལམ་འཁྲུལ་ཞིག་ཀུན་བཟང་ཆོས་དབྱིངས་རང་གྲོལ། དེ་དབོན་ཀུན་བཟང་ཆོས་འབྱོར། ཕུན་གླིང་རྡོར་སློབ་སློ་ར་བླ་མ་བློ་བཟང་མཐུ་སྟོབས། མཆོག་སྤྲུལ་ཉི་མ་ཆོས་འཕེལ། ཞྭ་ལུ་བ་རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་མགོན་ཐམས་ཅད་མཁྱེན་པ་ནས་སྩལ་ལོ།
།ལུང་གི་སྐོར་ནི། གྲུབ་ཆེན་ཁྱུང་པོ་མན་ཆད་གོང་གི་ལྕགས་ཟམ་བརྒྱུད་པ་ཅན་གྱི་ཡིག་རྙིང་སྤྱི་ལྟར་རོ།
Miscellaneous teachings
།ལྔ་པ་ཞྭར་བྱུང་ཐོར་བུའི་སྐོར་ལས།
གསང་སྒྲུབ་སྐོར་གསུམ་གྱི་དབང་གི་བརྒྱུད་པ་ནི། ཁྱུང་པོ་རྣལ་འབྱོར་ནས། ངག་ཆོས་ཡན་ས་ལུགས་བཀའ་སྤྱི་བརྒྱུད་ལྟར་ལ། དེ་ནས་བྱམས་པ་ངག་དབང་རྣམ་རྒྱལ། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། རྗེ་བསོད་ནམས་ཆོས་འཕེལ་མན་ཆད་ཀྱང་དེ་དང་འདྲའོ།
།ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་ཁྲིད་དང་བཅས་པའི་བརྒྱུད་པ་ནི། ངག་དབང་ཆོས་གྲགས་ཡན་དེ་ལྟར་ལ། དེ་ནས་ངག་དབང་བསོད་ནམས་རྒྱལ་མཚན། གསེར་མདོག་ཅན་པ་རྒྱལ་བ་ལྷུན་གྲུབ། སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ་མན་ཆད་ཀྱང་འདྲའོ།
།ལུང་གི་སྐོར་རྟགས་ཅན་གཉིས་རྟགས་མེད་རྩ་བའི་བརྒྱུད་པ་རྣམས་གོང་དང་འདྲ་ལ། བཀྲ་ཤིས་མཎྜལ་སྨོན་ལམ་བཀའ་རྒྱ་མ་གསུམ་པོ་འོག་གི་མགོན་དཀར་བརྒྱུད་པ་ངག་ཆོས་པ་བཞུགས་པ་དང་འདྲའོ།
།ཡང་ཡིག་རྙིང་ཆོས་དྲུག་ཚིག་རྐང་། ཚིག་གསལ་ཐེམ། གཞི་ལམ་འབྲས་གསུམ། གནད་དྲུག ལྟ་སྒོམ་སྤྱོད་འབྲས། ཁྱད་འཕགས་བཅོ་ལྔ་སོགས་འགའ་ཞིག་སྤྲོ་ལུང་པ་ནས། རི་དགོན་པ་བྱམས་པ་རབ་བརྟན། བློ་གྲོས་དབང་ཕྱུག །ཀུན་དགའ་སྦྱིན་པ་ནས། ལྕགས་ཟམ་བསྟན་འཛིན་བདུན་པ་ལ་བརྒྱུད་པའང་ཡོད་དོ།
།ནི་ངྷི་གཉིས་ཀྱི་ཚེ་དབང་ཟབ་མོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམ་པ་གཉིས་ཀྱིས་བོ་དོང་འཇིགས་མེད་གྲགས་པ་ལ་དགུང་ལོ་བཅུ་དྲུག་དུས་སུ་སྩལ། དེ་ནས་ཤངས་པ་རས་ཆེན་བསོད་ནམས་མཆོག་གྱུར། འཇིགས་བྲལ་རྣམ་འཕྲུལ་ཀུན་མཁྱེན་བྱམས་པ་ཆོས་ཉི། པཎ་ཆེན་པདྨ་གར་དབང་། ལྕོག་གྲྭ་པ་འཇམ་དབྱངས་གྲགས་པ་འོད་ཟེར་དང་། བྱམས་པ་ཆོས་ཉིའི་རྣམ་འཕྲུལ་རབ་འབྱམས་ཆོས་རྗེ། དེ་གཉིས་ཀ་ལས་མཚུངས་མེད་རཏྣའི་མཚན་ཅན། དེ་ནས། གར་དབང་འདུས་ཆེན་རབ་རྒྱས། བརྟུལ་ཞུགས་ནམ་མཁའི་རྣལ་འབྱོར། མི་འགྱུར་རིན་ཆེན་བཟང་པོ། ཐམས་ཅད་མཁྱེན་པ་དགེ་ལེགས་རྒྱལ་མཚན། འགྲོ་འདུལ་རིག་འཛིན་ཆེན་པོ། དེ་གཉིས་ཀ་ལས་སྐལ་བཟང་འཇམ་དབྱང་རྣམ་རྒྱལ། དེ་ལ་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ་དང་། མཁས་གྲུབ་རིག་འཛིན་རྣམ་རྒྱལ་གཉིས། གཉིས་ཀ་ལས་ཁྱབ་བདག་བདེ་ཆེན་མཚོ་མོ། རྗེ་བླ་མ་ཚུལ་ཁྲིམས་རྡོ་རྗེ། ཀུན་གཟིགས་འཇམ་པའི་དབྱངས་ཀྱི་ཞལ་སྔ་ནས་བདུད་རྩིའི་དཔྱིད་དུ་སྩལ་ཏོ།
།དབང་དཔེའི་ལུང་རྒྱུན་ནི་མཛད་པ་པོ་ཉིད་ལས་སོ།
།གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་བླ་མའི་རྣལ་འབྱོར་བསྒོམ་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། གྲུབ་ཆེན་རིན་པོ་ཆེ། རྡོ་རིང་ཀུན་སྤངས་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། ངག་དབང་ཉི་མ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག །རྨོར་ཆེན་ཀུན་དགའ་ལྷུན་གྲུབ། རབ་སྨད་པ་མཁན་ཆེན་བསོད་ནམས་མཆོག་གྲུབ། བསྟན་འཛིན་བདུན་པ་ཡེ་ཤེས་ལྷུན་གྲུབ། ཡོངས་འཛིན་བློ་བཟང་བསྟན་འཕེལ། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། འཇམ་མགོན་བླ་མ་རིན་པོ་ཆེས་དགྱེས་པས་སྩལ་བའོ།
Rahula
རཱ་ཧུ་ལའི་ཆོས་སྐོར་ལས།
ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་མཐིང་ག་བར་ཆད་ཀུན་སེལ་གྱི་རྗེས་གནང་གི་བརྒྱུད་པ་ནི་ས་ལུགས་ལྟར་ན། རྡོ་རྗེ་འཆང་ཆེན་པོ། ཤ་བ་རི་པ། མཻ་ཏྲི་པ། རཱ་ཧུ་ལ་གུཔྟ། ཁྱུང་པོ་ནས་ཤངས་སྟོན་བར་སྤྱི་ལྟར། མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། སངས་རྒྱས་སེང་གེ །སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཐར་པ་དཔལ་བཟང་། དྲིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། འདྲེན་མཆོག་སངས་རྒྱས་བསྟན་པ། མཁན་ཆེན་སངས་རྒྱས་དཔལ་བཟང་། ཁྱབ་བདག་ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག །བློ་གྲོས་རྒྱ་མཚོ། བཛྲ་རཏྣ། རྗེ་བླ་མ་མཉྫུ་གྷོ་ཥའི་ཞབས་པད་ལས་ནོས་པའོ།
།ཇོ་ལུགས་གཉིས་ནོས་པའི་དང་པོ་ནི་རྗེ་བཙུན་ཏཱ་ར་ནཱ་ཐ་ཡན་རིན་འབྱུང་ནང་ལྟར་ལ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ་དང་། རིན་ཆེན་རྡོ་རྗེ་མ་གཉིས་ཀ་ལས། སྙིང་པོ་མཐའ་ཡས། ངག་དབང་རྣམ་རྒྱལ། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། ཕྲིན་ལས་ཤིང་རྟ། བསྟན་འཛིན་ཆོས་ཀྱི་ཉི་མ། ཐུགས་ཀྱི་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོ་པདྨ་ཉིན་བྱེད་དབང་པོས་བཀའ་དྲིན་དུ་སྩལ།
གཉིས་པ་གྲུབ་དབང་བླ་མ་ནོར་བུའི་མཚན་ཅན་ལས་ནོས་པ་སྟེ་བརྒྱུད་རིམ་བདེ་མཆོག་ལྷ་ལྔ་དང་འདྲ།
གྲུབ་བརྙེས་ཆགས་མེད་རིན་པོ་ཆེའི་ཡིག་ཆ་ལས་ནོས་པ་ནི་བརྒྱུད་ཚུལ་གཞན་དུ་གསལ།
མགོན་པོ་དཀར་སེར་དམར་ལྗང་བཞི་པོ་མགོན་མཐིང་ཇོ་ལུགས་དང་འདྲ།
ཡང་མགོན་དཀར་ཡིད་བཞིན་ནོར་བུའི་བརྒྱུད་པ་ས་ལུགས་ལྟར་ན། རྡོ་རྗེ་འཆང་། ཤ་བ་རི་པ། མཻ་ཏྲི་པ། རཱ་ཧུ་ལ། གྲུབ་ཆེན་ཁྱུང་པོ་ནས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན་བར་ས་ལུགས་བཀའ་སྤྱིའི་བརྒྱུད་པ་ལྟར་ལ། དེ་ནས། མཁས་མཆོག་བཀྲ་ཤིས་དཔལ་ལྡན། ཁམས་སྟོན་སངས་རྒྱས་དཔལ་བཟང་། མཁས་གྲུབ་སངས་རྒྱས་ཕུན་ཚོགས། དབང་བླ་ཀུན་དགའ་བསྟན་འཛིན། མཁན་ཆེན་སངས་རྒྱས་དཔལ་བཟང་། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས་མན་གོང་གསལ་ས་ལུགས་ལྟར་རོ།
།ཡང་བརྒྱུད་ཚུལ་གཅིག་ནི། མུས་ཆེན་རྒྱལ་མཚན་དཔལ་བཟང་ནས། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། སེམས་དཔའ་དཀོན་མཆོག་རྒྱལ་མཚན། ནི་གུ་སངས་རྒྱས་བཟང་པོ། མཚོ་ཁ་ནམ་མཁའ་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་ཀུན་དགའ་བསོད་ནམས། བླ་མ་དཀོན་མཆོག་ལེགས་འཛིན། མཁས་གྲུབ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང་། སངས་རྒྱས་ཕུན་ཚོགས་མན་འདྲའོ།
།ངོར་ལུགས་ཀྱི་བརྒྱུད་པ་ལྟར་ན། སངས་རྒྱས་ཕུན་ཚོགས་ཡན་སྔར་དང་འདྲ། དེ་ནས་མཚུངས་མེད་བསྟན་འཛིན་ལྷུན་གྲུབ། མཁན་ཆེན་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། གཉིས་ཀ་ལས་རྗེ་བཙུན་འཇམ་པའི་དབྱངས། དེ་ཉིད་ཀྱི་ཞལ་སྔ་ནས་སོ།
།བླ་མ་མགོན་པོ་དབྱེར་མེད་སོགས་བཀའ་ཆེན་ལྷག་མ་རྣམས་དང་། མགོན་པོ་སྙིང་ཞུགས་ཀྵེ་ཏྲ་པཱ་ལ་བཅས་ཀྱི་རྗེས་གནང་གི་བརྒྱུད་པ་ནི། མཁས་གྲུབ་གཙང་མ་ཤངས་སྟོན་ཡན་བར་ཆད་ཀུན་སེལ་ལྟར་ལ། དེ་ནས་མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། ཀུན་མཁྱེན་ཤེས་རབ་དཔལ་བཟང་། སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་། རྗེ་རིན་ཆེན་བཤེས་གཉེན། རྗེ་ལེགས་པའི་བློ་གྲོས། རྗེ་སྐྱབས་མཆོག་དཔལ་བཟང་། དབེན་ས་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྡོར་འཛིན་དཀོན་མཆོག་རྒྱལ་མཚན། ངག་དབང་བསྟན་འཛིན་ཕྲིན་ལས་སོགས་ནས་རིམ་པར་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ། དེ་ལས་བཀའ་དྲིན་དུ་ནོས་པའོ།
།ཡང་ན་ཤངས་སྟོན་ནས། མུས་ཆེན་རྒྱལ་མཚན་དཔལ་བཟང་། སྔགས་འཆང་རྡོ་རྗེ་གཞོན་ནུ། མཚན་ལྡན་ནམ་མཁའི་རྣལ་འབྱོར། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་བ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་རིན་ཆེན་བཤེས་གཉེན། རབ་འབྱམས་སྨྲ་བ་སངས་རྒྱས་རྒྱ་མཚོ། རྗེ་སྐྱབས་མཆོག་མན་འདྲ།
ཡང་ན་མཁས་གྲུབ་རྗེ་ནས། རྗེ་བཟང་པོ་རྒྱལ་མཚན། མཁེན་རབ་ཡོན་ཏན་དཔལ་འབྱུང་། ཡབ་ཆོས་རྗེ། ཀུན་མཁྱེན་དགེ་འདུན་རྒྱ་མཚོ། རྗེ་ཐུབ་བསྟན་རྣམ་རྒྱལ། དབེན་ས་པ་མན་ཆད་འདྲ།
ཡང་བ་སོ་བ་ནས་གྲུབ་ཆེན་ཆོས་རྡོ་རྗེ། དེས་བློ་བཟང་དོན་གྲུབ་སོགས་སོ།
།བླ་མ་མགོན་པོ་དབྱེར་མེད་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི་ས་ལུགས་ཐང་རྒྱལ་བཞུགས་པའི་དབང་བཀའ་སྤྱིའི་བརྒྱུད་པ་ལྟར་རོ།
།མགོན་པོ་སྙིང་ཞུགས་ཀྱི་ཁྲིད་ཀྱི་བརྒྱུད་པ་ནི། མཁས་གྲུབ་རྗེ་ཡན་རྗེས་གནང་ལྟར་ལ། དེ་ནས་བ་སོ་ཆོས་རྒྱན། རྗེ་ཤེས་རབ་སེང་གེ །རྒྱུད་ཆེན་སྦྱིན་པ་དཔལ། སེ་ར་ཆོས་ཀྱི་རྒྱལ་མཚན། མཁས་གྲུབ་རིན་ཆེན་བཟང་པོ། རྗེ་སངས་རྒྱས་བསམ་གྲུབ། དཔལ་འབྱོར་དར་རྒྱས། བློ་བཟང་འཇམ་དབྱངས། བློ་བཟང་ཐོགས་མེད། ཐང་སག་པ་དངོས་གྲུབ་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དཔལ་རི་བ་དཀོན་མཆོག་བདེ་ཆེན། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། ལྷ་བཙུན་དོན་གྲུབ་ཡེ་ཤེས་བསྟན་པའི་རྒྱལ་མཚན། ཀ་ཆེན་བློ་བཟང་དགེ་ལེགས། འཇམ་པའི་དབྱངས་མཁྱེན་བརྩེའི་ཞལ་སྔ་ནས་སོ།
།དེའི་ཡིག་ཆའི་ལུང་ནི། རོལ་པའི་རྡོ་རྗེ། དགེ་སློང་དགེ་ལེགས་ནམ་མཁའ། ལྕང་ལུང་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན། སྡེ་ཁྲི་ཐུབ་བསྟན་ཉི་མ། བློ་བཟང་ཆོས་གྲགས་རྒྱ་མཚོ། ལྷ་བཙུན་དོན་གྲུབ་རྒྱལ་མཚན་སོགས་འདྲ།
ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ཁྲིད་འདི་ལས་བརྒྱུད་པ་ནི། དཀོན་མཆོག་འཇིགས་མེད་དབང་པོ་ནས། ཐུའུ་ཀྭན་ཆོས་ཀྱི་ཉི་མ། མཁན་པོ་དཀོན་མཆོག་སེང་གེ །རྗེ་དཀོན་མཆོག་བསྟན་བཅོས། ཀ་ཆེན་བློ་བཟང་དགེ་ལེགས་མན་འདྲའོ།
།བེ་བུམ་རྙིང་མའི་ལུང་གི་བརྒྱུད་པ་ནི། མཁས་བཙུན་རྒྱལ་མཚན་འབུམ་ཡན་གོང་ལྟར་ལ། དེ་ནས། འཇག་ཆེན་བྱམས་པའི་རྣལ་འབྱོར། མི་ཉག་འཇམ་དབྱངས་གྲགས་པ། རྗེ་མཐོང་བ་དོན་ལྡན། གོ་ཤཱི་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་གྲུབ་ཐོབ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། རྗེ་གཙུག་ལག་ཕྲེང་བ། རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ། གར་དབང་ཆོས་ཀྱི་དབང་ཕྱུག་དང་། དཔའ་བོ་གཙུག་ལག་རྒྱ་མཚོ་གཉིས་ཀས་གསན། དེ་གཉིས་ཀ་ལས་མཁས་གྲུབ་ལུང་རིགས་ས་ས་ཉི་མས་གསན། དེ་ནས་གྲུབ་བརྙེས་ཀརྨ་ཆགས་མེད། ཐུགས་སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ། རྣལ་འབྱོར་བསྟན་འཛིན་དོན་གྲུབ། དགེ་བའི་བཤེས་གཉེན་ཀརྨ་བཀྲ་ཤིས། མཆོག་སྤྲུལ་རིན་པོ་ཆེ་ཀརྨ་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་ནོས་པའོ།
།བེ་བུམ་གསར་མའི་ལུང་རྒྱུན་ཀྱང་ཐོབ་མོད། བརྒྱུད་པ་གཞན་ལ་བརྟགས་དགོས་པ་ཡོད་དོ།
།དེ་དག་ལས་མཁའ་འགྲོ་ནི་གུའི་ཆོས་སྐོར་ལ་ཉེ་བརྒྱུད་རིམ་པ་འགའ་ཞིག་བྱུང་པའི་ནང་གྲགས་ཆེ་བ།
གྲུབ་ཆེན་ཐང་རྒྱལ་ནས་བརྒྱུད་པ་ལ་རིང་བརྒྱུད་མུས་ལུགས་དང་། ཉེ་བརྒྱུད་རིམ་པ་གསུམ་བྱུང་བའི་དང་པོ་ལ་ཁྲིད་བཀའ། བར་པ་ལ་དབང་བཀའ། ཕྱི་མ་ལ་ཡི་གེ་མེད་པའི་བརྡ་ཐབས་དཔེའུ་རིས་གསོལ་འདེབས་བཅས་བྱུང་བ་སྟེ། དེ་དག་ནི་གོང་སྨོས་ཉེ་བརྒྱུད་ལྟར་ལས་རིང་བརྒྱུད་འདེད་མེ་དགོས་སོ།
།ཕྱིས་སུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་རིང་བརྒྱུད་ལུགས་སྲོལ་འདྲ་མིན་ཉེར་ལྔ་གསན་ཅིང་། ཉེ་བརྒྱུད་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་ཟབ་མོའི་གདམས་པ་མཐའ་དག་སྩལ་བ་སྟེ། དེ་དག་གི་བརྒྱུད་པའི་ཆུ་བོ་མཐའ་དག་བརྒྱུད་སྲོལ་འདི་ལ་འདུ་བས་ཁྱད་པར་དུ་མས་འཕགས་པའི་ཕྱིར་སྐལ་ལྡན་རྣམས་ཀྱིས་སྙིང་གི་དྭངས་མ་ལས་ཀྱང་ལྷག་པར་གཅེས་སྤྲས་སུ་བྱ་བའི་སྒོ་ནས་རང་དོན་ཉམས་ལེན་དང་བསྟན་འགྲོ་ལ་ཕན་པའི་བསམ་པས་འཆད་ཉན་ཅི་ནུས་སུ་བྱ་བར་རིགས་སོ། །